མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དབྱི་སི་ལན་དང་ཏའོ་ཅའོ། ཡེ་ཤུ། གནམ་བདག་བཅས་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣས་ཡུལ་ཤུལ་ཁུལ་ལ་ལྟ་སྐོར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-18 11:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས12ཉིན་དང་ཚེས13ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དབྱི་ཟི་ལན་དང་ཏའོ་ཅའོ། ཡེ་ཤུ། གནམ་བདག་བཅས་ཆོས་ལུགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་སོགས་འཐུས་མི་བཅོ་ལྔ་རྩ་འཛུགས་བྱས་ནས་ཡུལ་ཤུལ་ཁུལ་གྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་གྲུབ་འབྲས་ལ་ལྟ་སྐོར་བྱས།

ཡུལ་ཤུལ་ཁུལ་ནས་ཁོ་ཚོས་སྔ་གཞུག་ཏུ་དགོན་པ་དང་སྡེ་བ། སྡོད་ཁུལ། འབྲོག་ཁྱིམ། སྨན་ཁང་། སློབ་གྲྭ་བཅས་ལ་ལྟ་སྐོར་བྱས་པ་དང་། ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱས་པའི་རླབས་ཆེན་གྲུབ་འབྲས་ལ་ཚང་མས་ཡིད་སྨོན་བྱས།

ལྟ་སྐོར་ནན་མོ་བྱས་རྗེས། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྣམས་ཀྱིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག རོགས་སྐྲུན་རུ་ཁག་སོ་སོས་འབད་བརྩོན་ཆེན་པོ་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཞོགས་འདེགས་དམ་པོ་བྱས་ནས། མཉམ་འབྲེལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་སྟེ། བསྐྱར་འཛུགས་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ཡོད་ཟེར།

ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ལང་ལོང་གིས་ཐེངས་འདིའི་ལྟ་སྐོར་གྱིས་ཁོ་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་པའི་ལྟ་བ་ཇེ་བརྟན་དུ་གྱུར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་སྔར་ལས་གོང་བཀུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ནས། མཚོ་སྔོན་གྱི་གསར་བ་གཉིས་ཀྱི་དམིགས་འབེན་དང་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་ལས་འགན་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག