མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-18 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་སློབ་སྦྱོང་ནན་མོ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་བསམ་བློ་གསར་བ་དང་ལྟ་བ་གསར་བ། ལས་འགན་གསར་བ་བཅས་ཀྱིས་སྙིང་སྟོབས་ཆེ་རུ་བསྐྱེད། གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན་ལས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གཏན་ལ་ཕབ་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེར་ཡིད་འཇོག་ཆེན་པོ་བྱས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ལོས་ཐིན་གྱིས་བཤད་རྒྱུར། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན། རེ་བ་བཅས་ལྟར། གནས་བབ་གསར་བའི་འོག་གི་ཁྲིམས་འཛུགས་ཞབས་ཞུའི་བྱ་བ་ཧུར་ཐག་སྒོས་བཟང་བོར་བསྒྲུབ་སྟེ། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ལྟ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲི་གོ་ཞིན་གྱིས་བཤད་རྒྱུར། སྲིད་ཁྲིམས་བྱ་བ་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྲིད་ཁྲིམས་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག རེ་བ་རབ་དང་རིམ་པ་ལྟར། མི་དམངས་མང་ཚོགས་ཀྱི་རེ་བ་གསར་བ་ཧུར་ཐག་སྒོས་མངོན་འགྱུར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་བདེ་འཇགས་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་དང་ཕན་ནུས་ཆེ་བའི་ཞབས་ཞུའི་ཁོར་ཡུག་བཅས་བསྐྲུན་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིན་དྲིལ་སྒྲོག་ཁྲུའུ་ཡི་ལས་བྱེད་པ་ཐིས་ཧྥུའུ་ཆང་གིས་བཤད་རྒྱུར། གནས་བབ་གསར་བ་དང་ལས་འགན་གསར་བའི་འོག་གཏན་ལ་ཕབ་པའི་རེ་བ་གསར་བ་དང་འགྲན་རྩོད་གསར་བའི་མདུན་དུ། སྤྱི་བདེ་ཉེན་རྟོག་པས་སྐབས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་བཅངས་ཏེ། སྟོབས་ཤུགས་ཡོད་དགུས་གནས་བ་གསར་བའི་འོག་གི་མང་ཚོགས་བྱ་བ་སྒྲུབ་པའི་ནུས་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། སྔར་ལས་འཆམ་མཐུན་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

མཚོ་སྔོན་སློབ་གྲྭ་ཆེན་མོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀའོ་ཡུན་ཧྥ་ཡིས་བཤད་རྒྱུར། ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས།བབ་བསྟུན་སྣེ་ཁྲིད་དང་། སྐབས་བསྟུན་མདུན་སྐྱོད་བྱས་ཏེ། བཅོས་བསྒྱུར་གྱི་སྙིང་སྟོབས་དང་གྲུབ་འབྲས་ལ་བརྟེན་ནས་མཛེས་སྡུག་གི་མཚོ་སྔོན་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག