མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་ལོ་རེར་སྐྱེ་ཁམས་གནས་སྤོར་སྡོད་དམངས་མི་ཐེངས8000ལྷག་ལ་ནུས་རྩལ་གསོ་སྦྱོང་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-18 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཚུགས་པའི་ཚུན། གཅིག་འདུས་ཀྱི་གཏན་སྡོད་འཚོ་བ་རོལ་བཞིན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་སྡོད་དམངས་ཀྱིས“ཉི་འོད་འཆར་འགོད”དང“སྦྲང་ཆར་འཆར་འགོད”སོགས་གསོ་སྦྱོང་ལས་གཞི་ལས་ཕན་ཁེ་ཐོབ། གསོ་སྦྱོང་བྱས་པ་ལས་སྤྱིར་བཏང་ངལ་རྩོལ་ཅན་ནས་ནུས་རྩལ་ཅན་གྱི་ཕྱོགས་སུ་སྤོ་བསྒྱུར་བྱས་པ་དང་། མགོ་ལོག་ཁུལ་གྱིས་ལོ་རེར་སྐྱེ་ཁམས་གནས་སྤོར་སྡོད་དམངས་མི་ཐེངས8000ལྷག་ལ་ནུས་རྩལ་གསོ་སྦྱོང་བྱས།

གསོ་སྦྱོང་ཁྲོད། “སྦྲང་ཆར་འཆར་འགོད”དང“ཉི་འོད་བཟོ་འགོད”། “རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་བཟོ་འགོད”སོགས་གསོ་སྦྱོང་ལས་གཞི་གཙོ་བྱས་ཏེ། རིམ་བཞིན་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོའི་སྐྱེ་ཁམས་གནས་སྤོར་སྡོད་དམངས་གསོ་སྦྱོང་ཐོན་ཁུངས་ལ་འོས་འཚམ་གྱིས་ལེགས་སྒྲིག་བྱས་ནས། “ཚོང་རའི་ངལ་རྩོལ་པའི་དགོས་མཁོ་ལ་ཁ་ཕྱོགས་ཏེ། ལས་ཞུགས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་འཛིན་པ་དང་། རོང་འབྲོག་པའི་ཡོང་སྒོ་གོང་དུ་སྤེལ་དམིགས་ཡུལ་ཡིན་པའི”གསོ་སྦྱོང་མ་ལག་ཅིག་ཆགས་ཡོད་པ་དང་། དུས་མཚུངས་སུ་རོང་འབྲོག་པའི་རང་བདག་གིས་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ནང་མིང་ཐོ་འགོད་པ་དང་དེའི་ནང་ཞུགས་པར་སྐུལ་མ་དང་སྣེ་ཁྲིད་བྱས། དེའི་ནང་ཁུལ་ཨུ་རྩ་འཛུགས་པུའུ་ཡིས་ལོ་རེར་གསོ་སྦྱོང་འཛིན་གྲྭ་སྐབས3ལ་སྒྲུབ་པ་གཏན་འཁེལ་བྱས་ཡོད་ལ། འཆར་གཞི་ལྟར་ན་མི150ལྷག་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། “ཉི་འོད་བཟོ་འགོད”ཀྱིས་ལོ་རེར་འཆར་གཞི་མི4000གསོ་སྦྱོང་བྱེད་པ་དང“སྦྲང་ཆར་འཆར་འགོད”ཀྱིས་ལོ་རེར་མི300ལ་གསོ་སྦྱོང་བྱེད་པ། “ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བཟོ་འགོད”ཀྱིས་ལོ་རེར་འཆར་གཞི་མི3350ལ་གསོ་སྦྱོང་བྱས་བྱེད་རྒྱུ་ཡིན་པ་དང་། གསོ་སྦྱོང་ཚད་མཐུན་ཅན་དུ་སླེབས་ཚད90%ཡན་ལ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད། ད་ལོར། ཁུལ་ཨུ་རྩ་འཛུགས་པུའུ་ཡིས་རླངས་འཁོར་དང་སྦག་སྦག་འཁོར་ལོ་ཞིག་གསོ། མི་རིགས་གླུ་གར་དང་གཡོས་སྦྱོར་གཙོ་བྱས་པའི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་སྐབས3ལ་སྒྲུབ་པ་དང་། སྐྱེ་ཁམས་གནས་སྤོར་སྡོད་དམངས་མི120ལྷག་ལ་གསོ་སྦྱོང་བྱས་ཏེ་ཕན་འབྲས་ལེགས་པོ་བླངས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག