མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དབུལ་ཕོངས་སྡེ་བ་བཅོ་བརྒྱད་ནས་གཅིག་བསྡུས་མུ་འབྲེལ་གྱི་སྡེ་བ་དག་ཐེར་ཡར་སྐུལ་བྱེད་པའི་ལས་གཞི་ལག་བསྟར་བྱེད་བརྩིས་ཡོད་པ།

    2013-11-17 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དབུལ་སྐྱོར་གསར་སྤེལ་བྱ་བ་ཇེ་མགྱོགས་སུ་བཏང་ནས། གསར་དུ་གཏན་ལ་ཕབ་པའི་དབུལ་ཕོངས་སྡེ་བ་བཅོ་བརྒྱད་ནས་གཅིག་བསྡུས་མུ་འབྲེལ་གྱི་སྡེ་བ་དག་ཐེར་ཡར་སྐུལ་བྱེད་པའི་ལས་གཞི་ལག་བསྟར་བྱེད་བརྩིས་ཡོད་པ་དང་། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་དགུ་ལྷག་བཏང་ཞིང་། རོགས་སྐྱོར་ཐོབ་པའི་ཞིང་བ་ཁྱིམ་ཚང་སྟོང་དགུ་དང་བརྒྱད་བརྒྱ་ལྷག་དང་མི་གྲངས་ཁྲི་གསུམ་དང་སྟོང་བཞི་དགུ་བརྒྱ་ལྷག་ཏུ་བསླེབས་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། དཔའ་ལུང་རྫོང་གིས་ད་ལོར་ལག་བསྟར་བྱེད་རྒྱུ་ཡིན་པའི་སྡེ་བ་དག་ཐེར་ཡར་སྐུལ་བྱེད་པའི་ལས་གཞི་ནི། རྨ་ཆུའི་ཐོན་ཁུངས་རྒྱབ་བརྟེན་བྱས་ནས། མཚེའུ་མགུར་དང་ཀ་མདོ། ཡར་རྐ་སོགས་ཆུ་མ་ས་ཁུལ་ནས་སྟར་ཁའི་སྡོང་བོ་འཛུགས་པའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་བཏང་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག