མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་གྱིས་མཚོ་སྔོན་ཨར་འདམ་ཀུང་ཟི་དང་། རྣོ་ལྕགས་ཀུང་ཟི་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

    2013-11-17 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་ཚེས་བཅུ་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཨར་འདམ་མ་རྐང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཞིང་ཆེན་རྣམ་པ་གསར་བའི་རྒྱུ་ཆ་བཟོ་ལས་ཉོ་ཚོང་ཚད་ཡོད་འགན་ལེན་ཀུང་ཟི། ཟི་ལིང་རྣོ་ལྕགས་སྡེ་ཚོགས་སོགས་ཁེ་ལས་སུ་སོང་ནས། མཚོ་སྔོན་གྱི་རྣོ་ལྕགས་དང་ཨར་འདམ་ཁག་གི་ཁེ་ལས་ཀྱིས་ཐོན་ནུས་ཀྱི་ཐོན་རྫས་ལྷག་མ་ཇི་ལྟར་ཐག་གཅོད་པའི་ཐད་ཀྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད་རེ་བ་བཏོན།

ལོ་ཡུས་ལིན་སོགས་ཀྱིས་འཁོར་སྟེགས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས། ཁེ་ལས་ཀྱི་བཟོ་རྩལ་ལ་ལྟ་ཞོར་དུ་བསམ་ཕྱོགས་མང་པོ་བཏོན་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་རྣམ་པ་བསྒྱུར་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོན་རྫས་ལྷག་མ་ཚབས་ཆེན་ཡིན་པའི་འགལ་བ་ཐག་གཅོད་དགོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཁྱབ་བསྒྲགས་བྱས་པ་དེས། གཙོ་བོ་ཧ་ཡང་དང་། རྣོ་ལྕགས། ཨར་འདམ་སོགས་ཐོན་ནུས་ཆེན་པོ་ལྔའི་ཐོན་རྫས་ལྷག་མའི་ལས་རིགས་བཅོས་སྒྱུར་བྱེད་ཐུབ་ལ། དེ་ནི་རང་རྒྱལ་དཔལ་འབྱོར་གྱི་འཕེལ་སྟངས་མགྱོགས་ཤིང་ལེགས་པའི་སྒོ་ནས་བསྒྱུར་བ་དང་། ཐོན་ལས་འཕར་སྣོན་གཏོང་བར་སྒུལ་ཤུགས་གསར་བ་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞིང་ཆེན་ནང་ཁུལ་གྱི་རྣོ་ལྕགས་དང་ཨར་འདམ་སོགས་ཁེ་ལས་གཙོ་བོས་ནན་ཏན་སྒོས་བསམ་འཆར་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ནས། དོན་དངོས་དང་ཟུང་དུ་སྦྲེལ་དགོས་པ་དང་། སྔར་ལས་ལས་རིགས་ཀྱི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། རྗེས་ལུས་ཀྱི་ཐོན་ནུས་མེད་པར་གཏོང་དགོས་པ་དང་། རྒྱུན་ཆད་མེད་པར་ཐོན་ལས་ཀྱི་ཆགས་སྟངས་ཇེ་ལེགས་སུ་བཏང་ནས། རྒྱུ་སྤུས་དང་ཐོན་རྫས་ཀྱི་རྣམ་གྲངས། ཕན་འབྲས་བཅས་ཀྱི་ཐད་ལ་འབད་པ་བྱེད་དགོས་ཟེར།

ལོ་ཡུས་ལིན་སོགས་ད་རུང་མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་བེས་ཏི་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་བན་དབྱི་སྨན་རྫས་ལས་རིགས་སོགས་སུ་སོང་ནས། ཁེ་ལས་ཀྱིས་ནུས་ཁུངས་གྲོན་ཆུང་སྲུང་སྐྱོབ་དང་ལག་རྩལ་གསར་སྐྲུན་སོགས་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་ལ་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག