མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཧྲོན་ཆིན་གྱིས་ལན་ཀྲིག་དང་ཞིན་ཅང་བར་གྱི་ལྕགས་ལམ་གཉིས་གཤིབ་མའི་བཟོ་སྐྲུན་ས་ཚིགས་ཀྱི་མེ་འཁོར་སྒུག་སའི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

    2013-11-17 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་ཚེས་བཅོ་ལྔ་ཉིན་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ཀྱི་འགན་ཁུར་བ་དང་མཉམ་དུ། ལན་ཀྲིག་དང་ཞིན་ཅང་བར་གྱི་ལྕགས་ལམ་གཉིས་གཤིབ་མའི་བཟོ་སྐྲུན་ས་ཚིགས་ཀྱི་མེ་འཁོར་སྒུག་སའི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཡུལ་དངོས་ནས་ཆེད་དོན་གྲོས་ཚོགས་བསྡུས་ནས་མེ་འཁོར་སྒུག་སའི་ས་ཚིགས་ཀྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱ་བ་སྣ་ཚོགས་ཞིབ་འཇུག་དང་བཀོད་སྒྲིག་བྱས།

རྟོག་ཞིབ་བྱེད་སྐབས། མཱ་ཧྲོན་ཆིན་སོགས་ཀྱིས་ལོ་ཏུའུ་ས་ཚིགས་ལྷོ་མ་དང་། ཕེན་ཨན་ས་ཚིགས་བཅས་ཀྱི་མེ་འཁོར་སྒུག་སའི་སྔོན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། ལན་ཀྲིག་ནས་ཞིན་ཅང་བར་གྱི་ལྕགས་ལམ་གཉིས་གཤིབ་མའི་བཟོ་སྐྲུན་ནི་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡར་སྐུལ་གཏོང་བར་དོན་སྙིོང་གལ་ཆེན་ལྡན། བཟོ་སྐྲུན་དེ་ལག་བསྟར་བྱས་པའི་ཚུན་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་སོ་སོས་བྱ་བའི་བཀོད་སྒྲིག་དང་རེ་བ་ལྟར། རང་འགུལ་གྱིས་འགན་འཁྲི་དང་དུ་བླངས་ནས། དངོས་འབེབས་བྱ་བ་སྣ་ཚོགས་དམ་འཛིན་བྱས་པ་དང་། དུས་ཐོག་ཏུ་དཀའ་ཁག་གནད་དོན་ཐག་བཅད་དེ། བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་བྱ་བ་སྤྱིར་བལྟས་ན་བདེ་བླག་རེད་ཟེར།

ཁོས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་སོ་སོས་སང་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་བར་ལན་ཀྲིག་དང་ཞིན་ཅང་བར་གྱི་ལྕགས་ལམ་གཉིས་གཤིབ་མའི་བཟོ་སྐྲུན་གྱི་ཚོད་ལྟ་ཚད་ལེན་བྱེད་པའི་སྤྱིའི་དམིགས་འབེན་ལྟར། མཐུན་སྦྱོར་བྱ་བར་ཤུགས་བསྣོན་དགོས་པ་དང་། དུས་ཚོད་དམ་འཛིན་བྱས་ནས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། མེ་འཁོར་བརྒྱུད་སའི་ས་ཚིགས་དང་དེ་མིན་འབྲེལ་ཡོད་ཆ་ཚང་སྒྲིག་ཆས་དང་སྐུད་ལམ་བཟོ་སྐྲུན་བཅས་ཀྱི་བྱ་བ་མཉམ་དུ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག