མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཞི་རིམ་བྱ་བའི་ལོའི་སྤྱི་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

    2013-11-17 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཞི་རིམ་བྱ་བའི་ལོའི་སྤྱི་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ལོ་གསུམ་རིང་གི་གཞི་རིམ་བྱ་བའི་ལོའི་བྱ་འགུལ་གྱི་གནས་ཚུལ་ལ་ཕྱིར་ལྟ་དང་། སྔོན་ཐོན་ཐུན་མོང་གི་བྱ་དགའ་ཐོབ་མཁན་ང་བརྒྱད་དང་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་མཁན་བཅུ་དྲུག་ལ་གཟེངས་བསྟོན་བྱས་ལ། གནས་བབ་གསར་བའི་འོག་གཞི་རིམ་གྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་བསྣོན་པའི་ཐད་འཚོལ་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་ཝང་ཞའོ་དང་། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་རྒྱལ། རྒྱུན་ལས་ཀྲུའུ་རིན་གཞོན་པ་ལིས་མིན་ཅིན། ཀྲུའུ་རིན་གཞོན་པ་ཆན་ཡིན་ཞེའོ། ལིས་ཡུས་ལན་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་སུ་མིག་སྔར་བསྡོམས་པས་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སྟོང་ལྔ་དང་དགུ་བརྒྱ་ལྷག་ཡོད་པ་དང་། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། དམག་མི་རྒན་པ། དཔེ་མཚོན་མི་སྣ་རྒན་པ། དགེ་རྒན་རྒན་པ་བཅས་རྒན་པ་ལྔའི་མི་སྣ་ཁྲི་བཞི་ལྷག་གིས་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཐད་འབད་འབུངས་བྱེད་བཞིན་ཡོད། ལོ་གསུམ་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་ཧུར་ཐག་གིས་སྤྱི་ཚོགས་དོ་དམ་གསར་གཏོད་ཁྲོད་ཞུགས་ནས། ནན་ཏན་གྱིས་ན་གཞོན་ལོ་ཆུང་གི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་དང་ནར་མ་སོན་པའི་མིར་སློབ་གསོ་གཏོང་བའི་བྱ་བ་སྤེལ་བ་དང་། ན་གཞོན་ལོ་ཆུང་རྣམས་ལ་རོགས་བྱས་ཏེ་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་པ། ཞིབ་བཤེར་ཞིབ་འཇུག་རིགས་བགར་ནས་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། གཞི་རིམ་གྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་རྒྱུན་མཐུད་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། དམག་མི་རྒན་པ། དཔེ་མཚོན་མི་སྣ་རྒན་པ། དགེ་རྒན་རྒན་པ་བཅས་རྒན་པ་ལྔའི་མི་སྣའི་ཆབ་སྲིད་དང་སྙན་གྲགས། ཉམས་མྱོང་སོགས་ཀྱི་དགེ་མཚན་ལྔ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་སྐྱེད་བསྲིང་དང་ལག་བསྟར་བྱེད་པ་དང་། ན་གཞོན་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་སློབ་གསོ་གཏོང་བར་སྔར་ལས་ཤུགས་བསྣན་ནས། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡར་སྐུལ་བྱེད་དགོས་པ་དང་། སྤྱི་ཚོགས་རིག་གནས་ཁོར་ཡུག་དག་གཙང་བྱེད་པའི་ཁྲོད་ཧུར་ཐག་གི་ཞུགས་ནས། ན་གཞོན་ལོ་ཆུང་བདེ་ཐང་ངང་ནར་སོན་པར་ཡར་སྐུལ་དང་། སློབ་གྲྭར་འགྲིམ་ཐུབ་ཀྱིན་མེད་པ་དང་། ལས་ཀ་མེད་པའི་ན་གཞོན་ལོ་ཆུང་ལ་རོགས་རམ་དང་སློབ་གསོ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ། ཕྱོགས་ཡོངས་ནས་ན་གཞོན་ལོ་ཆུང་གི་སྤྱི་དམངས་ཀུན་སྤྱོད་བྱང་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ངོ་ཚ་དང་གཟི་བརྗིད་ཀྱི་དབྱེ་བ་འབྱེད་ཤེས་པ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་སྣང་ཚུལ་ལེགས་པོ་སྐྱེད་བསྲིང་བྱེད་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག