མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞུང་ཧྭ་རྫོང་གིས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་དགུ་ལྷག་བཏང་ནས་དགོན་པའི་གྲྭ་ཤག་གི་ཆ་རྐྱེན་ལེགས་བཅོས་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཞུང་ཧྭ་རྫོང་གིས་དགོན་པའི་སྤྱི་ཚོགས་ཅན་གྱི་དོ་དམ་བྱ་བ་བཟང་བོར་སྒྲུབ་པ་དང་། བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་ཤག་སྒྱུར་བཀོད་བྱེད་རྒྱུ་དེ་ཏང་གི་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། དགོན་པའི་གྲྭ་བ་དང་ཇོ་མོའི་ཁང་རྙིང་སྒྱུར་བཀོད་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཐད་ཀྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། ཧུར་ཐག་སྒོས་གྲྭ་བ་དང་ཇོ་མོའི་འདུག་གནས་ཆ་རྐྱེན་ལེགས་བཅོས་བྱས། ལོ་གཉིས་ཀྱི་ནང་དུ་བསྡོམས་པས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་དགུ་ལྷག་བཏང་ནས་གྲྭ་བ་དང་ཇོ་མོ་སུམ་བརྒྱ་དང་སོ་བརྒྱད་ཀྱི་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་ཁང་རྙིང་བསྒྱུར་བཀོད་བྱས་པས་རྒྱ་ཆེའི་སྐྱ་སེར་མང་ཚོགས་ཀྱིས་དགའ་བསུ་ཐོབ།

ཁང་རྙིང་སྒྱུར་བཀོད་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་དེ་གཉིས་དགོན་པའི་གྲྭ་ཤག་འཛུགས་སྐྲུན་ཁྲོད་དུ་ལག་བསྟར་བྱས་རྗེས། དགོན་པའི་གྲྭ་བ་དང་ཇོ་མོའི་འདུག་ཁང་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས་ནས་དགོན་པའི་སྤྱི་ཚོགས་ཅན་གྱི་དོ་དམ་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། དགོན་པའི་གྲྭ་བ་དང་ཇོ་མོ་རྣམས་ཀྱིས་ཏང་གི་དྲོད་ཁོལ་ཉམས་སུ་མྱངས་པར་མ་ཟད། ཞུང་ཧྭ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་བསྐྲུན་པའི་བྱ་བར་རིན་ཐང་བྲལ་བའི་ཉམས་མྱོང་བསགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག