མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚ་རྫོང་གིས2013ལོའི་མཚོ་བྱང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས2013ལོའི་མཚོ་བྱང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། དེར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་གཉིས་ཁྲི་དྲུག་སྟོང་བདུན་ལྷག་བཏང་།

ད་ལོར་རྐང་ཚང་རྫོང་གིས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་གཞི་དཔལ་དགེ་ཞང་གོ་ལོ་ཞོལ་མ་སྡེ་བ་དང་། ཧྲ་ལུག་ཧི་གྲོང་བརྡལ་ཕན་པོ་སྡེ་བ་སོགས་སྡེ་བ་དྲུག་ནས་སྤེལ། དེའི་ནང་དུ་ཞིང་ཆེན་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་བཞི་བཏང་བ་དང་། ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་དུག་འབུམ་བདུན་བཏང་ཞིང་། རང་སྒྲིག་མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་གཅིག་ཁྲི་དྲུག་སྟོང་བདུན་བཏང་། ད་ལྟའི་བར་དུ་རྫོང་དེས་མཚོ་བྱང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་པའི་ཕྱུགས་ལས་སྡེ་བ་བཅུ་གཉིས་ཡོད་པ་དེས། རྫོང་ཡོངས་ཀྱི་ཕྱུགས་ལས་སྡེ་བ་སྤྱིའི་གྲངས་ཀའི་བརྒྱ་ཆའི་ཞེ་བརྒྱད་ཟིན་པས་ཁྱིམ་ཚང་སྟོང་གཉིས་དང་ལྔ་བརྒྱ་དང་མི་ཁྲི་གཅིག་དང་སྟོང་གཅིག་ལ་ཕན་ཁེ་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག