མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་ཏང་སྲིད་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གྱིས་ཟི་ལིང་ནས་ཡོ་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཡོ་ནན་མི་དམངས་དམག་གི་སྤྱིའི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གཞོན་པ་ལེང་ཆང་གིས་ཁྲིད་པའི་ཡོ་ནན་རྒྱལ་ཁབ་ཀྱི་ཏང་སྲིད་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས་པར་མ་ཟད། བརྩེ་བའི་གླེང་མོལ་བྱས།

ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལེང་ཆང་སོགས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ལེང་ཆང་དང་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་བྱས། ཧའོ་ཕིན་གྱིས་ཐོག་མར་གྲོལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། དེའི་རྗེས་མངའ་ཁོངས་ཀྱི་རྒྱ་ཁྱོན་དང་མི་གྲངས། ཐོན་ཁུངས། སྐྱེ་ཁམས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་དང་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་ཡིན་པའི་ཆ་ནས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཡིན་ལ། ཐོན་ཁུངས་ཀྱིས་ཕྱུག་པ་དང་། མི་རིགས་མཐུན་སྒྲིལ་འགྲིག་མཐུན་དང་རིག་གནས་ཕུན་སུམ་ཚོགས་པས། ཉེ་བའི་ལོ་འགའི་རིང་། བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།

ཧའོ་ཕིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་དང་ཡོ་ནན་རྒྱལ་ཁབ་གཉིས་བར་བར་ཐག་རིང་ན་ཡང་། གཙང་བོ་ཞིག་གིས་ང་ཚོའི་མགོ་མཇུག་སྦྲེལ་ཡོད། ཟླ་སྔོན་མར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་ནས་ཡོ་ནན་རྒྱལ་ཁབ་ཏུ་འཚམས་འདྲིར་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལ་དམིགས་ནས། སོ་སོར་ཡོ་ནན་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་དང་ས་གནས་ཀྱི་མགོ་ཁྲིད་མི་སྣ་དང་ཏང་བར་གྱི་བརྗེ་རེས་དང་ས་གནས་བར་གྱི་མཉམ་ལས་སོགས་ཐད་བསམ་འཆར་བརྗེ་རེས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་བརྗེ་རེས་བྱས། ང་ཚོས་དེ་གོ་སྐབས་ཤིག་ཏུ་བརྩིས་ནས། ཕྱོགས་ཡོངས་ནས་ས་གནས་མཉམ་ལས་འབྲེལ་བ་གཏིང་ཟབ་སྒོས་སྤེལ་འདོད་ཡོད་ཟེར།

ལེང་ཆང་གིས་མུ་མཐུད་དུ་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་དང་། མཉམ་དུ་ཕན་ཚུན་བར་གྱི་མཉམ་ལས་ལ་སྐུལ་འདེད་བྱས་ཏེ། ཀྲུང་གོ་དང་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་བྱས་རྗེས་བསྐྲུན་རྒྱུའི་ཚུལ་བསྟན།

ཝང་ཞའོ་ཐུག་འཕྲད་ལ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག