མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་ཧི་ནན་རྫོང་གིས་གཞི་རིམ་གྱི་བུད་མེད་ལས་བྱེད་པར་གསོ་སྦྱོང་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་རྫོང་འདིའི་གཞི་རིམ་གྱི་བུད་མེད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མི་མཐོ་བ་དང་། སྲིད་འཛིན་ནུས་བ་དང་ཆུ་ཚད་མི་མཐོ་བའི་གནས་ཚུལ་དངོས་ལ་དམིགས་ནས། རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་ཆེད་དུ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་བཀོད་སྒྲིག་བྱས་ཏེ། གཅིག་བསྡུས་ཀྱིས་གསོ་སྦྱོང་དང་ཕྱི་རུ་ལྟ་སྐོར་དང་རྟོག་ཞིབ། སློབ་སྦྱོང་ལ་འགྲོ་བ་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་ནས། གཞི་རིམ་གྱི་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

སྤྱི་ཟླ་བཅུ་བའི་ཟླ་སྨད་དུ། ཧི་ནན་རྫོང་མཁར་ནས་རྫོང་ཡོངས་ཀྱི་གཞི་རིམ་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས། རྫོང་ཡོངས་ཀྱི་ཞང་དང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་དང་རྫོང་གི་སྐབས་བཅུ་གཅིག་པའི་བུད་མེད་འཐུས་མི་བཅས་བསྡོམས་པས་མི་རེ་བརྒྱད་ལ་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱས། གསོ་སྦྱོང་ཁྲོད་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གདན་ཞུ་བྱས་ནས་མིག་སྔར་གྱི་བུད་མེད་བྱ་བའི་གནས་བབ་དང་ལས་འགན། བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་མགོ་ཁྲིད་སྒྲིག་ལུགས་དང་གོ་གནས། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་གི་ནང་དོན། གོ་རིམ་དང་ལམ་བུ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གསར་སྐྲུན་དང་བོད་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་ཁྲོད་དུ་བུད་མེད་ལས་བྱེད་པའི་ནུས་བ་ཇི་ལྟར་འདོན་སྤེལ་བྱེད་པ་སོགས་ཀྱི་ནང་དོན་སློབ་ཁྲིད་བྱས། ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་བར། རྫོང་ཡོངས་ཀྱི་ཞང་དང་གྲོང་སྡེའི་བུད་མེད་མཉམ་འབྲེལ་གྱི་ཀྲུའུ་རིན་དང་རྫོང་གི་སྐབས་བཅུ་གཅིག་པའི་བུད་མེད་འཐུས་མི་བཅས་བསྡོམས་པས་མི་རེ་བརྒྱད་ཀྱིས་གྲུབ་པའི་སློབ་སྦྱོང་རྟོག་ཞིབ་ཚོགས་པ་ཐེན་ཅིན་དང་པེ་ཅིན་དུ་སོང་ནས། དུས་ཡུན་ཉིན་བདུན་རིང་གི་ལྟ་སྐོར་དང་རྟོག་ཞིབ་སློབ་སྦྱོང་བྱས།

གསོ་སྦྱོང་དང་རྟོག་ཞིབ་བརྒྱུད་ནས། གཞི་རིམ་གྱི་བུད་མེད་ལས་བྱེད་པའི་སྲིད་འཛིན་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་བ་དང་། ཆབ་སྲིད་དང་ལས་སྒོའི་བྱང་ཚད་དང་ཏང་གཤིས་བློ་སྦྱོང་མཐོར་འདེགས་སུ་བཏང་ལ། མིག་རྒྱ་དང་ཤེས་རྒྱ་བསྐྱེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག