མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བྱ་བ་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་སློང་བྱས་པ་མ་ཟད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་དགོས་པའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། དུས་སྐབས་སྔོན་མའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་དཔེ་སྟོན་གྱི་ནུས་པ་གལ་ཆེན་བཏོན་ཞིང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་སློབ་སྦྱོང་གི་འཆར་གཞི་གཏན་ལ་ཕབ་པ་མ་ཟད། སློབ་སྦྱོང་གི་རེ་བ་གསལ་བོ་བཏོན་ནས། འཕྲོ་རིམ་འཕྲོར་སློབ་སྦྱོང་བྱེད་པའི་དུས་ཚོད་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་སོགས་འབྲེལ་ཡོད་ཕྱོགས་ཀྱི་ཆེད་ལས་པ་རྣམས་གདན་དྲངས་ནས་ཟུར་ཁྲིད་དང་སློབ་སྦྱོང་བྱས། སློབ་སྦྱོང་བྱེད་སྐབས། ལས་ཁུངས་སོ་སོས་ཏང་ཡོན་ལས་བྱེད་པའི་བསམ་བློའི་དོན་དངོས་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། གཏམ་བཤད་ཀྱི་དགོངས་དོན་ལྟར་རིག་ལམ་ཇེ་གསལ་དུ་གཏོང་དགོས་པ་དང་ལག་ལེན་ལ་མཛུབ་སྟོན་བཅས་བྱས་ཏེ། སློབ་སྦྱོང་གི་མཇུག་འབྲས་དེ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན།

གྲོས་ཚོགས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཡིས་དུས་སྐབས་སྔོན་མའི་སློབ་སྦྱོང་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ནུས་ཡོད་ཀྱི་བྱེད་ཐབས་སྤྱད་དེ། སྔར་ལས་སློབ་སྦྱོང་ལག་བསྟར་བྱེད་པའི་བྱ་བ་དེ་གཏིང་ཟབ་དུ་སྤེལ་ནས། གསུང་བཤད་ཀྱི་དགོངས་དོན་ལྟར་རིག་ལམ་ཇེ་གསལ་དུ་གཏོང་བ་དང་། ལག་ལེན་ལ་མཛུབ་སྟོན་བྱས་ནས། བྱ་བ་སྣ་ཚོགས་ལ་ཡར་སྐུལ་བཅས་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག