མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་སློབ་སྦྱོང་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:28

0101.jpg

སྤྱི་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་སློབ་སྦྱོང་བྱས་པ་དང་། སྲིད་ཞུགས་སྲིད་གླེང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་བཞུགས་མོལ་དང་བགྲོ་གླེང་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས15ཉིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། སྲིད་ཞུགས་སྲིད་གླེང་བྱ་བ་བཟང་བོར་བསྒྲུབ་པའི་བཞུགས་མོལ་ཚོགས་འདུ”བསྡུས།

    ཚོགས་འདུར་ཞུགས་པའི་བློ་མཐུན་ཚོས་མཐའ་གཅིག་ཏུ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་ཧུར་ཐག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མདུན་ལྗོངས་རྒྱ་བསྐྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་དུས་རབས་དང་ལག་ལེན། མི་དམངས་ཀྱི་རེ་བ་གསར་བ་དམ་དུ་བཟུང་ནས། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། རིགས་གཞུང་ཐད་ནས་གསར་གཏོད་གལ་ཆེན་རབ་དང་རིམ་པ་ཡོད་པ་དང་། སྲིད་ཇུས་ཐད་ཐོད་བརྒལ་ཆེན་པོ་རབ་དང་རིམ་པ་ཡོད་པས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་བའི་རང་རྟོགས་མཐོན་པོ་མཚོན་པར་བྱས་ཡོད། སྲིད་ཞུགས་ཏང་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་ཡོན་གྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བཅོས་བསྒྱུར་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་། ཧུར་ཐག་གིས་བློ་གྲོས་གཅིག་བསྡུས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་ཆེན་པོར་དམ་དུ་དམིགས་ནས། རྟོག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། སྔོན་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན། ལག་བསྟར་བྱེད་ཆོག་པའི་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ནས། བཅོས་བསྒྱུར་སྒོ་འབྱེད་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་བསྐྲུན་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག