མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བོད་ཁུལ་གཞུང་ཞབས་པ221བསྡུ་ལེན་བྱེད་རྒྱུ་ཡིན་པ་དང་སྤྱི་ཟླ11པའི་ཚེས18ཉིན་ནས་བཟུང་དྲ་ཐོག་ནས་མིང་ཐོ་བཀོད་ཆོག

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-15 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་བོད་ཁུལ་ལ་སྲིད་འཛིན་སྒྲིག་གཞི་ནང་གི་གཞུང་ཞབས་པ་མི221བསྡུ་ལེན་བྱེད་པ་གསར་སྣོན་བྱས་ཡོད་ལ། སྤྱི་ཟླ11པའི་ཚེས18ཉིན་ནས་བཟུང་མིང་ཐོ་བཀོད་ཆོག

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བསྡུ་ལེན་བྱེད་པར་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་ཕུང་བརྟག་བཤེར། རྟོག་ཞིབ། ཞིབ་འབེབས་བསྡུ་ལེན་བཅས་ཀྱི་གོ་རིམ་ལྟར་རྒྱུགས་ལེན་རྒྱུ་རེད། ཐེངས་འདིའི་གཞུང་ཞབས་པའི་ལས་རྐང་ཚང་མར་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡོད་པའི་མི་སྣ་དང་མཚོ་སྔོན་གྱི་སློབ་ཆེན་ཁག་ནས་མཐར་ཕྱིན་པའི་སློབ་མ། མཚོ་སྔོན་ནས་སློབ་ཆེན་སློབ་མའི་སྡེ་དཔོན་སོགས་གཞི་རིམ་ཞབས་ཞུ་སྒྲུབ་ནས་ལོ་གཉིས་འགོར་བའི་མི་སྣ་བཅས་ཀྱིས་མིང་ཐོ་བཀོད་ཆོག གཞུང་ཞབས་པའི་ཐོབ་ཐང་ཡོད་པའི་མི་སྣས་མིང་ཐོ་བཀོད་མི་ཆོག མིང་ཐོ་འགོད་པའི་དུས་ཡུན་ནི2013ལོའི་སྤྱི་ཟླ11པའི་ཚེས18ཉིན་གྱི་ཉིན་གཅིག་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག