མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-15 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚེས12ཉིན་པེ་ཅིན་ནས་རྒྱལ་ཁའི་ངང་གྲོལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནན་ཏན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས། ཚང་མས་ལང་ལོང་སྒོས་ཐེངས་འདིའི་གྲོས་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཆར་གཞི་གསར་བ་དང་མདུན་ལྗོངས་གསར་བ། དམིགས་འབེན་གསར་བ་བཅས་གཏན་འཁེལ་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཐེབས་སུ་བཅུག་པས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་རེ་བས་ཁེངས་འདུག་ཟེར།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ནི་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་དུས་རིམ་གསར་བའི་གནད་འགག་གི་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། གྲོས་ཚོགས་བསྡུས་པ་ནི་ང་ཚོའི་ཏང་གིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་་བྱེད་གསུམ་གྱི་དགོངས་པ་་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས་གནས་བབ་གསར་བའི་འོག་ཏུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་རྩ་གནད། གཞི་རྩའི་ཉམས་མྱོང་། གཞི་རྩའི་རེ་བ་བཅས་ལག་ལེན་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དམ་བཅའ་གཙོ་བོ་ལག་ལེན་བྱས་པ་མཚོན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་སློང་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པར་འདོད།

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་རྩ་འཛུགས་ཀྱི་ལས་བྱེད་པ། ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཚོ་སྔོན་སློབ་གྲྭ་ཆེན་མོ། ཚྭ་འདམ་གཞོང་། མཚོ་སྔོན་སྣུམ་ཞིང་ལས་ཁུངས་ཀྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བ་རྣམས། མཚོ་སྔོན་ཙོང་ཧིན་རིག་གནས་རྒྱུ་རྩལ་ཚད་ཡོད་ཀུང་ཟི། དུས་ཡུན་རིང་བོར་མདོ་དབུས་ལྕགས་ལམ་སྟེང་དུ་དངོས་བོ་སྐྱེལ་འདྲེན་བྱེད་པ་དང་ལྕགས་ལམ་ལ་དོ་དམ་བྱེད་པ། འཕྲིན་སྐྱེལ་བྱ་བར་འགན་སྲུང་བཅས་བྱེད་པའི་ལས་འགན་སྒྲུབ་པའི་མདོ་དབུས་དམག་ཚིགས་ཀྱི་དཔོན་དམག་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་སློབ་སྦྱོང་དང་བགྲོ་གླེང་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག