མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-15 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས13ཉིན། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚོགས་འདུ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་ཨུ་ཡོན་པའོ་དབྱི་ཀྲི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཟི་ལིང་དུ་ཡོད་པའི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་དང་། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ཁག་ཅིག་གྲོས་ཚོགས་ལ་ཞུགས།

ཚོགས་འདུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་དགོངས་དོན་གཙོ་བོར་སློབ་སྦྱོང་བྱས་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་བསམ་ཚུལ་དང་མྱོང་ཚོར་གླེང་། ཚང་མས་མཉམ་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་ཀྲུང་གོའི་དཔལ་འབྱོར་རྣམ་པ་བསྒྱུར་བ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། ཀྲུང་གོའི་མགོ་ཁྲིད་མི་སྣའི་སྲིད་སྐྱོང་ནུས་བ་དང་སྲིད་སྐྱོང་ཐད་ཀྱི་ཤེས་རྒྱ། བཅོས་བསྒྱུར་རྒྱུན་འཁྱོངས་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་བཅས་མཚོན་ཡོད་པས། བཅོས་བསྒྱུར་ལ་རྒྱལ་ཁ་ཐོབ་པ་དང་། དཔལ་འབྱོར་རྒྱུན་སྲིང་དང་ཅུང་མགྱོགས་པོའི་ངང་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་འབྱོར་ཕྱུག སྤྱི་ཚོགས་འཆམ་མཐུན་བཅས་མངོན་འགྱུར་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར། ཁོ་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། སློབ་སྦྱོང་བརྒྱུད་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བཀོལ་ནས། བྱ་བའི་ཚད་གཞི་དང་ལས་ཆོད་སྔར་ལས་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། སྲིད་ཞུགས་ཏང་ཡིན་པའི་ཆ་ནས། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག