མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ནད་རིགས་འཕྲལ་སྒྲུབ་མྱུར་སྐྱོབ་ལམ་ལུགས་བཏོན་ནས་ལོ་རེར་མ་དངུལ་སྒོར་ཁྲི600བཏང་ནས་དཀའ་ངལ་ལ་རོགས་སྐྱོར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-15 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ནད་རིགས་འཕྲལ་སྒྲུབ་མྱུར་སྐྱོབ་ལམ་ལུགས་ལག་བསྟར་གྱི་ཞིབ་ཕྲའི་རྩ་དོན་བཏོན་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་ལས་ཁུངས་དང་ལས་བྱེད་མི་སྣས་ངེས་པར་དུ་དུས་ལྟར་དང་ཕན་ནུས་ལྡན་པའི་སྒོ་ནས་ནད་རིགས་ལྕིད་མོ་ཕོག་པའི་ནད་པར་སྨན་བཅོས་བྱེད་དགོས་ལ། རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཡར་ཏེ་སྨན་བཅོས་འགོར་འགྱངས་བྱས་མི་ཆོག་པའི་བླང་བྱ་བཏོན་ཡོད།

སྨན་བཅོས་བྱས་པའི་ནད་རིགས་ལྕིད་མོ་ཕོག་པའི་ནད་པ་དང་། མྱུར་སྐྱོབ་བྱེད་དགོས་པའི་ནད་པའི་ཐོབ་ཐང་གསལ་མོ་མིན་པའམ་ཡང་ན་སྨན་བཅོས་འགྲོ་གྲོན་ཕུད་མི་ཐུབ་པའི་ནད་པའི་སྨན་བཅོས་འགྲོ་གྲོན་དག་འགོས་ནད་སྔོན་འགོག་འཕྲལ་སྒྲུབ་རོགས་སྐྱོར་ཐེབས་རྩའི་ཁ་གསབ་སྙན་ཞུ་བྱས་ཆོག

ཞིབ་ཕྲའི་རྩ་དོན་ལས། འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་དང་ལས་བྱེད་མི་སྣས་ཆ་རྐྱེན་མེད་པའི་སྒོ་ནས་ནད་པར་སྨན་བཅོས་བྱེད་པར་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས་ལ། སྨན་བཅོས་མི་བྱེད་པ་དང་འགན་གཡོལ་བ། སྨན་བཅོས་འགོར་འགྱངས་བྱེད་པ་བཅས་ལ་ཁྲིམས་དང་རྩ་དོན་ལྟར་ཐག་གཅོད་ནན་མོ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། དུས་མཚུངས་སུ། སྨན་བཅོས་ལས་ཁུངས་དང་སྨན་པས་ཆ་འཕྲིན་རྫུན་མ་བཟོས་ནས་ཐེབས་རྩ་ལེན་པ་དང་ཚད་བརྒལ་སྨན་བཅོས་སོགས་ཁྲིམས་འགལ་དང་གཏན་འཁེལ་ལས་འགལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་རེད། སྨན་བཅོས་ལས་ཁུངས་ཀྱིས་ནད་པར་སྨན་བཅོས་བྱེད་པའི་ཁྲོད། ནན་ཏན་སྒོས་ཚད་ལྡན་གྱི་བརྟག་བཅོས་དང་སྨན་བཅོས་གོ་རིམ་ཚད་ལྡན་ལག་བསྟར་བྱེད་དགོས་ཤིང་། འོས་འཚམ་གྱིས་སྨན་བཀོལ་བ་དང་སྨན་བཅོས་བྱས་ནས་ཚད་བརྒལ་གྱིས་སྨན་བཅོས་མི་བྱེད་པ་དང་། ཐེབས་རྩའི་རོགས་སྐྱོར་གཡོ་ལེན་བྱེད་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས་ལ། ད་རུང་དུས་ལྟར་ནད་པའི་ཐོབ་ཐང་རྩད་གཅོད་བྱས་ཏེ། དངོས་གནས་ཐོབ་ཐང་མི་གསལ་བའི་ནད་པར་སྙན་ཞུ་རེའུ་མིག་ཁ་སྐོང་དུ་བཅུག་ནས་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་གཏན་འཁེལ་བྱས་རྗེས་ཐེབས་རྩ་ཞིབ་འབེབས་དོ་དམ་སྡེ་ཁག་ལ་ཐེབས་རྩའི་རོགས་སྐྱོར་སྙན་ཞུ་བྱེད་དགོས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ནད་རིགས་འཕྲལ་སྒྲུབ་མྱུར་སྐྱོབ་ཐེབས་རྩ་ལ་ཐོག་མའི་མ་དངུལ་སྒོར་ཁྲི600གཏན་འཁེལ་བྱས་ཡོད་པ་དང་། རིམ་པ་སོ་སོའི་ནོར་སྲིད་ཀྱིས90%ཧྲག་བསྡུ་བྱེད་པ་དང་། སྤྱི་ཚོགས་ཞལ་འདེབས་སོགས་ཐབས་ལམ་གཞན་པ་ནས10%བསྡུ་ལེན་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག