མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་བཏང་ནས་མཚོ་ཤར་གྲོང་ཁྱེར་གྱི་ཁ་དབུགས་བཅོས་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་བཏང་ནས། ཟི་ལིང་གྲོང་ཁྱེར་གཙོ་ཡིན་པའི་མཚོ་ཤར་གྲོང་ཁྱེར་གྱི་ཁ་དབུགས་བཙོག་གྱུར་སྔོན་འགོག་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མ་དངུལ་དེ་དག་གཙོ་བོ་ཕྱོགས་གསུམ་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། གཅིག་ནས་ས་རྡུལ་བཅོས་སྐྱོང་བྱ་བར་རྒྱབ་སྐྱོར་བྱས་ནས། གཙང་ཕྱགས་རླངས་འཁོར་དང་ཆུ་གཏོར་རླངས་འཁོར་ཉོ་བའི་ཐད་ལ་བཀོལ་རྒྱུ་ཡིན་པ། གཉིས་ནས་རླངས་འཁོར་ཆེ་རིགས་ཀྱིས་དུ་བ་གཏོང་བའི་ཁ་དབུགས་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱས་ནས། རླངས་འཁོར་རྙིང་བ་སྐོར་ཞིག་མེད་པར་གཏོང་བར་ཁ་གསབ་རྒྱག་རྒྱུ་ཡིན་པ། གསུམ་ནས་སོལ་རླངས་ཀྱི་ཁ་དབུགས་བཅོས་སྐྱོང་བྱེད་པའི་ཐད་ལ་རྒྱབ་སྐྱོར་བྱས་ནས། རྡོ་སོལ་འབུད་པ་བཅོས་སྒྱུར་བྱས་ནས་སོལ་རླངས་བཀོལ་བར་ཁ་གསབ་རྒྱག་རྒྱུ་ཡིན་པའི་ཞོར་དུ། ད་རུང་བཟོ་ལས་ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག