མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོ་རྫོང་ཁྲིམས་ཁང་གི་ལས་བྱེད་མི་སྣ་ཁ་གཏད་རོགས་སྐྱོར་སྡེ་བར་སོང་ནས་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་མི་སྣ་ཁ་གཏད་རོགས་སྐྱོར་བྱེད་ཡུལ་གྱི་ཐང་དཀར་མ་གྲོང་རྡལ་ཀུན་དགའ་སྡེ་བར་སོང་ནས། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་ལམ་ཕྱོགས་གཙོ་བོར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས། བྱ་འགུལ་གྱི་སྐབས་སུ་དྲིལ་བསྒྲག་རྒྱུ་ཆ་ལྔ་བཅུ་ལྷག་བཀྲམ་པ་དང་། ཁྲིམས་ལུགས་ཕྱོགས་ཀྱི་གནས་ཚུལ་བློ་འདྲི་བྱེད་དུ་ཡོང་བའི་མང་ཚོགས་མི་བརྒྱ་ལྷག་ཡོད། དུས་མཚུངས་སུ་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་སྒྲོག་འགྲེལ་བྱས། ཁྲིམས་ལུགས་གསར་བ་དང་གསར་དུ་བཀྲམ་པའི་ཁྲིམས་འཛིན་འགྲེལ་བཤད་བྱས་པ་བརྒྱུད་མི་དམངས་མང་ཚོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་བརྩི་སྲུང་བྱེད་བའི་འདུ་ཤེས་དང་རང་ཉིད་ལ་སྲུབ་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་བ་ལས། སྤྱི་ཚོགས་སྟེང་ནུས་པ་བཟང་བོ་ཐོབ། ཐེངས་འདིའི་བྱ་འགུལ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འདྲ་མཉམ། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དང། སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་མི་རིགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་། མཉམ་དུ་དར་རྒྱས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག