མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས«མཚོ་སྔོན་ཉིན་རེའི་ཚགས་པར»དང་། མཚོ་སྔོན«ཏང་གི་འཚོ་བ»སོགས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་འགྲེམ་སྤེལ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མགོ་ཁྲིད་དང་པོས་དངོས་སུ་བྱ་བ་དམ་འཛིན་བྱས་པ་དང་། ངོས་ཟིན་གསལ་བོ་བྱས་པ། ཕྱོགས་ཡོངས་ནས་བྱ་བ་དམ་འཛིན་བྱས་ནས། ཚགས་པར་དང་དུས་དེབ་ཉོ་བའི་གྲོན་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དྲིལ་སྒྲོག་དང་། རྩ་འཛུགས། ནོར་སྲིད། སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་མཉམ་དུ་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། «མཚོ་སྔོན་ཉིན་རེའི་ཚགས་པར»མཚོ་ཤར་གྲོང་ཁྱེར་ལ་འགྲེམ་སྤེལ་བྱས་ནས་བསྟུད་མར་ལོ་བཅུའི་ལྷག་གི་རིང་ལ་ལས་འགན་ལྷག་འགྲུབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག