མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱི་གནས་སྐོར་ཡོང་སྒོ་དེ་ཐོག་མར་སྒོར་དུང་ཕྱུར་ལས་བརྒལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-14 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི21.43སྣེ་ལེན་བྱས་པ་དང་། དུས་མཉམ་ལས18%ཇེ་མང་ལ་སོང་ཡོད། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.21མངོན་འགྱུར་བྱས་པ་དང་དུས་མཉམ་ལས25%འཕར་ཡོད་པས། གནས་སྐོར་ཡོང་སྒོ་དེ་ཐོག་མར་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་བརྒལ།

ད་ལོར། མགོ་ལོག་ཁུལ་གནས་སྐོར་ཅུའུ་ཡིས་གཉན་པོ་གཡུ་རྩེ་ལྟེ་བ་ཡིན་པའི་མཛེས་ལྗོངས་ཁུལ་གྱིས་སྣེ་ཁྲིད་པ་དང་། རྨ་ཆུའི་འབྱུང་ཡུལ་དང་ཨ་མྱེས་རྨ་ཆེན་གངས་རི། སྨར་ཁོག་ཆུ་བོ། དགའ་བདེ། དར་ལག་རྫོང་གེ་སར་རིག་གནས་ཁྱམས་ར་ལྟེ་བར་བཟུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་བོའི་འབྱུང་ཡུལ་རིག་གནས་དང་གེ་སར་ལོ་རྒྱུས་རིག་གནས། མགོ་ལོག་པའི་འབྱུང་ཡུལ་གྱི་རིག་གནས། མི་རིགས་ཡུལ་སྲོལ། ཆོས་ལུགས་རིག་གནས། གངས་རི་རྩྭ་ཐང་། གངས་འཁྱགས་མཚེའུ་བཅས་སྐྱེ་ཁམས་མིས་བཟོས་ཁྱད་ཆོས་འབུར་ཏུ་བཏོད་ནས་ཤུགས་ཆེན་པོས་སྐྱེ་ཁམས་ལྟ་སྐོར་དང་དམངས་སྲོལ་རོལ་མྱོང་། ཚན་རིག་མྱུལ་དཔྱད། ཆོས་ལུགས་མཆོད་མཇལ་སོགས་གནས་སྐོར་བྱ་འགུལ་བཅས་གཅིག་ཏུ་འདུས་པའི་འཛམ་གླིང་རིམ་པའི་གནས་སྐོར་ཆས་རྟགས་གསར་སྐྲུན་བྱས། གནས་སྐོར་རྨང་གཞི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དང་ཆས་རྟགས་མཚན་སྙན་མུ་མཐུད་དུ་ཇེ་མཐོར་བཏང་བ། གནས་སྐོར་ཐོན་རྫས་མུ་མཐུད་དུ་ཇེ་ལེགས་སུ་བཏང་བས་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་མི་གྲངས་དང་ཡོང་སྒོ་མུ་མཐུད་དུ་ཇེ་མང་ལ་སོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག