མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་གྲོས་གཞི་རབས་དང་རིམ་པ་བཏོན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-13 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞིའི་ཚོགས་འདུའི་སྟེང་གཏན་ཁེལ་བྱས་པའི་གྲོས་གཞི་ལྟར་དུ། ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་མཉམ་འབྲེལ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་དང་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་བྱས་པར་མ་ཟད། རྟོག་ཞིབ་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཟླ་བཅུ་བའི་ནང་བསྡུས་པའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བརྗོད་དོན་གཏམ་བཤད་སྤེལ། མིག་སྔར། འབྲེལ་ཡོད་ཀྱི་གྲོས་གཞི་ཕྱོགས་བསྒྲིགས་བྱེད་བཞིན་ཡོད་པ་དང་། ཕྱོགས་བསྒྲིགས་བྱས་རྗེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱེད་རྒྱུ་རེད།

ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག རྟོག་ཞིབ་ཚན་ཆུང་སོ་སོར་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་སོགས་ཀྱི་ལས་རིགས་སློབ་གྲྭ་བཅུ་བདུན་དང་ཆིན་ཧྭ་སྡེ་ཚོགས། ཚྭ་མཚོ་སྡེ་ཚོགས་སོགས་ཁེ་ལས་སུ་རྟོག་ཞིབ་བྱས་པར་སོང་བ་དང་། ཁུལ་དང་ས་ཁུལ། གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གཞུང་དང་ལས་རིགས་སློབ་གྲྭ ཁེ་ལས་བཅས་ཀྱི་འབྲེལ་ཡོད་ཀྱི་གནས་ཚུལ་མཚམས་སྦྱོར་ཉན་པའི་རྨང་གཞིའི་སྟེང་། ད་དུང་ཡུལ་དངོས་སུ་སྐོར་ཞིབ་དང་འདྲི་ཞིབ་སོགས་རྣམ་པ་བརྒྱུད་ནས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་འགན་ནུས་སྡེ་ཁག་གི་མགོ་ཁྲིད་དང་ལས་རིགས་སློབ་གསོའི་དགེ་རྒན། མི་བཀོལ་ཁེ་ལས་ཀྱི་འཐུས་མི། ལས་ཞུགས་སློབ་མ་དང་ཁྱིམ་བདག་གི་འཐུས་མི་བཅས་དང་བསམ་འཆར་བརྗེ་རེས་བྱས།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཕན་ཚུན་འབྲེལ་མཐུད་དང་། ཡོན་ཚད་སློབ་གསོ་དང་ཡོན་ཚད་མིན་པའི་གསོ་སྦྱོང་གཉིས་ཕན་ཚུན་ཟུང་འབྲེལ་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཐོག་མར་ཆགས་ཡོད་ན་ཡང་། ལས་རིགས་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆུང་བ་དང་། ཁྱད་ཆོས་ཅན་གྱི་ཆེད་ལས་ཀྱི་གཞི་ཁྱོན་ཆུང་བ། འགྲན་རྩོད་ནུས་ཤུགས་ཆུང་བ། དགེ་རྒན་གྱི་མི་འདང་བ་སོགས་ཀྱི་སྐྱོན་ཆ་དང་མི་འདང་ས་ཡང་མང་པོ་ཡོད།

རྟོག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག ཞིང་ཆེན་སྲིད་གྲོས་ཀྱིས་ལས་རིགས་སློབ་གསོའི་ཆུ་ཚད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་རིགས་སློབ་གསོའི་སློབ་སྒྲུབ་མ་དཔེ་གསར་གཏོད་བྱེད་པ། ལས་རིགས་སློབ་གསོའི་ཐོན་ཁུངས་མཉམ་བསྲེས་ལེགས་པོ་བྱེད་པ། ལས་རིགས་སློབ་གྲྭའི་གསོ་སྦྱོང་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་རིགས་སློབ་གྲྭའི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལེགས་བསྒྱུར་བྱེད་པ། སྒྲིག་སྲོལ་འཐུས་ཚང་དང་། སྣེ་ཁྲིད་ཡང་དག་བྱས་ཏེ་ལས་རིགས་སློབ་གྲྭའི་སློབ་མའི་ལས་ཞུགས་ནུས་པ་ཇེ་ཆེར་གཏོང་བ། སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། ལས་ཞུགས་ལམ་བུ་རྒྱ་བསྐྱེད་པ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གྲྭའི་ལས་ཞུགས་ངོ་སྤྲོད་སྟེགས་བུ་བཙུགས་ནས། ལས་ཞུགས་ལམ་ལུགས་ལག་བསྟར་བྱེད་པ་བཅས་ཀྱི་གྲོས་གཞི་བརྒྱད་བཏོན། དེ་ལས་གཞན། ཞིང་ཆེན་སྲིད་གྲོས་ཀྱིས་ད་དུང་ཞིང་བ་ཞོར་ལས་བའི་ལས་རིགས་སློབ་གསོར་ཤུགས་སྣོན་པའི་ཐད་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག