མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་དཔལ་འབྱོར་འཁོར་རྒྱུགས་གནས་བབ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-13 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་གྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུགས་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ལོ་ཡུས་ལིན་གྱིས་བསྟན་དོན། སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་དུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁོངས་གཏོགས་ཀྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ཐོན་ཚད་ཁག་ཐེག་དང་། ཕན་འབྲས་བརྟན་འཇགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་བཏང་ཟེར། ཁོས་ནན་གྱིས་བསྟན་དོན། གཞུག་མའི་ཟླ་གཉིས་ནི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་དམིགས་འབེན་བྱ་བ་དམ་འཛིན་བྱས་ནས། འགན་ཁུར་གསལ་བོ་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས།དམིགས་འབེན་བྱ་བ་སྣ་ཚོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་ལ། ཚོང་འགུགས་དངུལ་འདྲེན་བྱ་བར་སྔར་ལས་ཤུགས་སྣོན་དགོས་པ་དང་། འགན་ཁུར་དངོས་འབེབས་བྱས་ནས། ལོ་ཧྲིལ་བོའི་ཚོང་འགུགས་དངུལ་འདྲེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། དུས་ཐོག་ཏུ་སང་ལོའི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འཆར་གཞི་འཐེན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག