མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་འདུས་ལས་འཛིན་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-13 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་མཚོ་སྔོན་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་འདུས་ལས་འཛིན་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་འདུའི་ཚོགས་གཙོར་བདམས་པ་དང་། ཀྲང་བེ་དང་། ཏུའུ་ཅེ། ཀྲང་ཅིན་ཁི་སོགས་ཚོགས་གཙོ་གཞོན་པར་བདམས། ཁྲུའུ་ཞང་ཧོ་སོགས་བློ་མཐུན་ཉི་ཤུ་ལས་འཛིན་ལྷན་ཚོགས་སྐབས་གསུམ་པའི་ལས་འཛིན་དུ་བདམས།

ཝང་ལིན་ཅོན་གྱིས་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་འདུའི་བྱ་བའི་རེ་བ་སྔར་ལས་བཟང་བོར་སྒྲུབ་ནས། ཏང་འཛུགས་ཞིབ་འཇུག་བྱ་བ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་དམ་པོར་དམིགས་པ་དང་ལག་བསྟར་བཟང་བོ་བྱས་ནས། ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།

ཝང་ལིན་ཅོན་གྱིས་རྒྱ་ཆེའི་ཏང་འཛུགས་ཞིབ་འཇུག་བྱ་བ་བསྒྲུབ་མཁན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་ད་ཡོད་ཀྱི་དགོས་གཏུག་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཏང་འཛུགས་ཞིབ་འཇུག་བྱ་བའི་ཕན་འབྲས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་། བསམ་བློའི་རྣམ་འགྱུར་བཟང་བོས་བྱ་བའི་སྤྱོད་སྟངས་དང་ཚན་རིག་ལྟར་བྱ་བ་སྒྲུབ་པའི་བྱེད་ཕྱོགས་དམ་འཛིན་བྱེད་པ། ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་བ་ཡར་སྐུལ་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་འཇོག་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག