མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས“དགུན་ཁར་དྲོད་འཁོལ་བསྐྱལ་བ”དེ་ཡུལ་འཁྱར་སྤྲང་བོར་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-13 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཡུལ་འཁྱར་སྤྲང་བོར་རོགས་སྐྱོར་བྱེད་པའི་དོ་དམ་བྱ་བ་ལེགས་པོར་སྒྲུབ་པ་དང་། ཡུལ་འཁྱར་སྤྲང་བོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ད་ལོའི་སྤྱི་ཟླ11པའི་ཚེས15ཉིན་ནས་སང་ལོའི་སྤྱི་ཟླ3པའི་ཚེས1ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་གཅིག་བསྡུས་སྒོས་ཡུལ་འཁྱར་སྤྲང་བོར་རོགས་སྐྱོར་བྱེད་པའི“དགུན་ཁར་དྲོད་འཁོལ་བསྐྱལ་བའི”ཆེད་དོན་བྱ་འགུལ་སྤེལ་རྒྱུ་རེད།

“དགུན་ཁར་དྲོལ་འཁོལ་བསྐྱལ་བའི”ཆེད་དོན་རོགས་སྐྱོར་བྱ་འགུལ་ཁྲོད། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་ཤང་གྲོང་། སྡེ་བ་བཅས་ཀྱིས་རོགས་སྐྱོར་ཆ་འཕྲིན་འབྲེལ་གཏུག་མི་སྣ་རྩ་འཛུགས་བྱས་ཏེ། དུས་ཚོད24རིང་རོགས་སྐྱོར་བྱེད་པ་དང་སྲང་ལམ་དུ་འཁོར་སྐྱོད་བྱེད་པ་ལག་བསྟར་བྱེད་རྒྱུ་རེད། དུས་མཚུངས་སུ། རོགས་སྐྱོར་དོ་དམ་བྱ་བའི་གཙོ་གནད་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་དུ་གནས་སྐབས་རོགས་སྐྱོར་ས་ཚིགས8བཙུགས་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2010ལོ་ནས2012ལོའི་བར་དུ། མཚོ་སྔོན་གྱིས་བསྡོམས་པས་ཡུལ་འཁྱར་སྤྲང་བོར་རོགས་སྐྱོར་བྱས་པའི་ཆེད་དམིགས་མ་དངུལ་སྒོར་ཁྲི1890བཏང་ཡོད་པ་དང་། བསྡོམས་པས་ཡུལ་འཁྱར་སྤྲང་བོ་མི་ཐེངས་ཁྲི4.8ལ་རོགས་སྐྱོར་བྱས་ཡོད། ད་ལོར་མཚོ་སྔོན་གྱིས་ཀྲུང་དབྱང་གི་ཆེད་དམིགས་རོགས་སྐྱོར་མ་དངུལ་སྒོར་ཁྲི2300བརྩོན་ལེན་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག