མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ཀྱིས་མི་ཁྲི་ལྷག་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-13 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ལག་བསྟར་གང་ལེགས་བྱེད་པ་དེ་ཐུན་ཏེ་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་ཆེན་མོ་དང་དཀའ་གནད་ཆེན་མོ་ཞིག་ཏུ་བརྩིས་ནས། ལས་གཞིའི་འབྲེལ་མཐུད་བརྩོན་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། ལོ་གཅིག་རིང་དཀའ་ངལ་ཁྱད་སེལ་གྱིས་ཤང་གྲོང4དང་ཁྱིམ་ཚང1674ཡི་རུ་སྤོར་འབྲོག་དམངས་མི་ཁྲི་ལྷག་གི་སྡོད་ཁང་དཀའ་ངལ་གནད་དོན་ཐག་གཅོད་བྱས། མིག་སྔའི་བར་དུ། ལོ་ཧྲིལ་བོར་གཏན་སྡོད་བཟོ་འགོད་ཀྱི་ཁྱིམ་ཚང1539འཛུགས་སྐྲུན་བྱས་པ་དང་། དེས་འཛུགས་སྐྲུན་ལས་འགན་གྱི92%ལེགས་འགྲུབ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཐུན་ཏེ་རྫོང་གིས་ཧུར་བརྩོན་གྱིས་མང་ཚོགས་བཟོ་འགོད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཇེ་མཐོར་བཏང་ནས། རུ་སྤོར་འབྲོག་དམངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རུ་སྤོར་འབྲོག་པ་མང་ཚོགས་རང་འགུལ་སྒོས་བཟོ་འགོད་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་། ཕྱོགས་གཅིག་ནས་འབྲོག་དམངས་བཟོ་སྐྲུན་ཁྲོད་ཞུགས་པ་སོགས་མ་རྩ་ཇེ་ཉུང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་གནས་བཟོ་སྐྲུན་ནང་ཞུགས་པའི་སྐབས་སུ་བཟོ་འགོད་ཀྱི་སྤུས་ཚད་ལ་ལྟ་སྐུལ་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག