མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཐང་ག་སྐབས་བརྒྱད་པའི་པེ་ཅིན་རྒྱལ་སྤྱིའི་རིག་གནས་འགྲེམ་སྟོན་དུ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-13 10:35

1111.jpg

མཚོ་སྔོན་གྱི་ཐང་ག་སྐབས་བརྒྱད་པའི་པེ་ཅིན་རིག་གནས་འགྲེམ་སྟོན་དུ་ཞུགས་པ།

222.jpg

མཚོ་སྔོན་གྱི་ཐང་ག་སྐབས་བརྒྱད་པའི་པེ་ཅིན་རིག་གནས་འགྲེམ་སྟོན་དུ་ཞུགས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས7ཉིན་ནས་ཚེས10ཉིན་བར། རིག་གནས་པུའུ་དང་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། པེ་ཅིན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་བའི་སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱི་རིག་གནས་གསར་སྐྲུན་ཐོན་ལས་འགྲེམ་སྟོན་ཚོགས་ཆེན་དེ་པེ་ཅིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ་ཞིང་། སྐབས་འདིའི་རིག་གནས་འགྲེམ་སྟོན་ནི་རིག་གནས་ཚོང་དོན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་དུ་བཟུང་སྟེ་འགྲེམ་ཁུལ་བཅུ་དྲུག་བཙུགས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རིག་གནས་གསར་སྐྲུན་གྱི་ཁེ་ལས་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཐེངས་འདིའི་འགྲེམ་སྟོན་དུ་ཞུགས་ལ། མཚོ་སྔོན་གྱི་ཐང་ག་ཡང་ཐེངས་འདིའི་འགྲེམ་སྟོན་ལ་ཞུགས།

    མཚོ་སྔོན་ཞིང་ཆེན་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བསམ་གྲུབ་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་ཤིང་། ཁོ་ཚོས་འགྲེམ་སྟོན་བྱས་པའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལ་སྲོལ་རྒྱུན་ལག་རྩལ་གྱི་ཐབས་ཤེས་ལས་འབྲི་བཞེངས་བྱས་པའི་ཐང་ག་སྣ་ཚོགས་ཡོད། ཚེ་རིང་བསམ་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐང་གའི་ལོ་རྒྱུས་ཤིན་ཏུ་རིང་སྟེ་སྤྱི་ལོའི་དུས་རབས་བདུན་པ་ནས་ད་ལྟའི་བར་ལོ་ངོ་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག