མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་ཞིབ་བཤེར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-12 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་ཚན་གཙོ་ཡིན་པའི་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་བཞི་བས་མཚོ་ཤར་གྲོང་ཁྱེར་གྱི2013ལོའི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་བྱ་བར་ཞིབ་བཤེར་བྱས། རྟོག་ཞིབ་ཚན་ཆུང་གིས་ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྒྲུབ་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན།

གྲོས་ཚོགས་སྟེང་། ཝང་ཞའོ་ཡུང་གིས་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་མཚོ་ཤར་གྲོང་ཁྱེར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ལ། འགལ་བའང་མང་པོ་གནས་ཡོད། ཡིན་ན་ཡང་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་བསམ་ཕྱོགས་གསལ་ཞིང་བརྟན་འཇགས་སྲུང་སྐྱོབ་བྱ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བ་དང་། རྨང་གཞིའི་བྱ་བ་བསྒྲུབས་པ་བཟང་ལ། མགོ་ཁྲིད་ལ་ནུས་པའང་ལྡན་པས། ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་པས་དེ་དཔྱད་གཞིར་བཟུང་ཆོག གོ་རིམ་རྗེས་མར་མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་མུ་མཐུད་དུ་མཐོང་ཆེན་བྱེད་པ་དང་། འབྲེལ་ཡོད་ལས་ཁུངས་སོ་སོས་དེར་གཞོགས་འདེགས་དམ་པོ་བྱས་ནས། སྟོབས་ཤུགས་ཡོད་དགུ་བཏོན་ཏེ་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག