མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མེན་གྱིས་ཀྲུང་གོར་སྡོད་པའི་ཧན་གོ་གཞུང་ཚབ་ཁང་གི་སྲིད་དོན་གཞུང་ཚབ་པ་ཀྲང་ཡོན་སན་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-12 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་མཚོ་སྔོན་མགྲོན་ཁང་ནས་ཀྲུང་གོར་སྡོད་པའི་ཧན་གོ་གཞུང་ཚབ་ཁང་གི་སྲིད་དོན་གཞུང་ཚབ་པ་ཀྲང་ཡོན་སན་ལ་ཐུག་འཕྲད་བྱས།

ཀྲང་ཅན་མེན་གྱིས་ཐོག་མར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲང་ཡོན་སན་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོར་སྡོད་པའི་ཧན་གོ་གཞུང་ཚབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཀྲང་ཅན་མེན་གྱིས་སྲིད་དོན་གཞུང་ཚབ་པར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་རྗེས་བཤད་རྒྱུར། དུས་ཡུན་རིང་བོར་མཚོ་སྔོན་དང་ཧན་གོ་གཉིས་ཀྱིས་ཁྱབ་ཁོངས་མང་པོའི་ནང་བརྗེ་རེས་དང་མཉམ་ལས་བཟང་བོ་བྱེད་ཀྱིན་ཡོད་ལ། ང་ཚོས་ཧན་གོའི་གྲོགས་པོ་དང་ཁེ་ལས་པ་མཚོ་སྔོན་དུ་གནས་སྐོར་དང་རྟོག་ཞིབ། དངུལ་གཏོང་ལས་སྐྲུན་བཅས་བྱེད་པར་ཡོང་བར་སྙིང་ཐག་པ་ནས་རེ་བ་བྱེད་ཀྱིན་ཡོད་ལ། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཀྲང་ཡོན་སན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཧན་གོའི་བར་གྱི་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་བརྗེ་རེས་ལས་དོན་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་ལྷོད་མེད་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་ཐེངས་འདིར་འཚམས་འདྲི་བྱས་པ་བརྒྱུད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་དང་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་དང་ཧན་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་ཉོ་ཚོང་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག