མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་རབ་བརྟན་གྱིས་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-12 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས6ཉིན་ནས་ཚེས8ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་སྔ་གཞུག་ཏུ་མཚོ་སྔོན་ཚྭ་མཚོ་ཡི་གཞི་གཅིག་ཅན་གྱི་ལྕགས་རིགས་མཱེ་ཡི་ལས་གཞི་དང་ན་གོར་མོ་གྲོང་ཁྱེར་གྱི་གྲོང་བརྡལ་དང་སྡེ་བ་ཁ་ཤས། ཏུའུ་ལན་རྫོང་གི་པན་ཆེན་ཤངས་སྡེ་གྲོང་བརྡལ་གྱི་སྡེ་བ་ལ་ལ་དང་། ཚ་ཧན་བུའུ་སུའུ་གྲོང་བརྡལ་གྱི་སྡེ་བ་ཁ་ཤས། ཞིན་ཧྭ་སྲང་ལམ་གྱི་སྡོད་ཁུལ། རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་སྲིད་དོན་ཚོམས་ཆེན་སོགས་སུ་སོང་སྟེ་ཡུལ་དངོས་སུ་ཟབ་ཞུགས་དང་སྡེ་བ་དང་ཁྱིམ་ཚང་ལ་སོང་ནས་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པ་དང་མཉམ་དུ་བཞུགས་མོལ་བྱས་ནས་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་ཀྱི་བྱ་བ་སྒྲུབ་པའི་ཕྱོགས་ནས་རྟོག་ཞིབ་དང་མཛུབ་སྟོན་བྱས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་མཛུབ་སྟོན་བསམ་འཆར་ལག་ལེན་དངོས་འབེབས་བྱས་ནས་དམངས་གཙོའི་ཇུས་ཆོད་དང་དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་རྟོག་བཅས་ཀྱི་བྱ་བའི་སྒྲིག་ལམ་འཐུས་ཚང་དུ་བཏང་སྟེ་ཞང་སྡེའི་གཅིག་བསྡུས་ཀྱི་མ་རྩ་དང་གཅིག་བསྡུས་ཀྱི་མ་དངུལ། གཅིག་བསྡུས་ཀྱི་ཐོན་ཁུངས་བཅས་ལ་དོ་དམ་བྱེད་པའི་བྱ་བ་ལེགས་འཛིན་བྱས་ནས་སྡེ་དོན་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞང་ཕན་སྲིད་ཇུས་སྣ་ཚོགས་དྲང་བདེན་གྱིས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་རིམ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ཁོངས་མིས་གཟབ་ནན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་ནས་ནན་ཏན་གྱིས་ལས་གནས་གཅིག་གི་སྟེང་འགན་འཁྲི་གཉིས་འཁུར་བ་ལག་བསྟར་བྱེད་དགོས། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་བསྒྱུར་བ་དང་སྤྱོད་སྟངས་བསྒྱུར་བའི་རེ་བ་ལྟར། ཧུར་ཐག་སྒོས་ལྟ་རྟོག་གི་འགན་ནུས་ལག་བསྟར་བྱེད་པ་དང་། ལྟ་རྟོག་མཁན་ལ་ལྟ་རྟོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་ཐག་གཅོད་ལེགས་པོ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་ཤུགས་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག