མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མིན་ཡོན་རྫོང་གིས་དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས་རོང་འབྲོག་ཕྱོགས་འཕེལ་རྒྱས་སུ་གཏོང་བར་རྣམ་པ་གསར་བ་བསྐྲུན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-12 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་དབུལ་སྐྱོར་གསར་སྤེལ་དང་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ཇེ་བཟང་དུ་གཏོང་བ་དང་ཟུང་དུ་སྦྲེལ་ནས། མི་གྲངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་ཟུང་དུ་སྦྲེལ་ནས། སྡེ་བ་དག་ཐེར་བྱེད་པ་དང་། མུ་འབྲེལ་གསར་སྤེལ། དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས། རོང་འབྲོག་ཕྱོགས་འཕེལ་རྒྱས་སུ་གཏོང་བར་རྣམ་པ་གསར་བ་བསྐྲུན།

རྫོང་ཡོངས་ཀྱི་ཞང་དང་གྲོང་བརྡལ་བཅུ་གཉིས་ཀྱི་སྡེ་བ་སོ་བརྒྱད་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་དྲུག་འབུམ་དྲུག་ཁྲི་གཉིས་ལྷག་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། སྡེ་བ་དག་ཐེར་བཅོས་སྐྱོང་བྱེད་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་བརྒྱད་དང་སུམ་བརྒྱ་དང་དགུ་བཅུ་དང་མི་ཁྲི་གསུམ་དང་དགུ་བརྒྱ་དང་གོ་དྲུག་ལ་ཕན་ཁེ་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག