མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་གྱིས་མཁར་གྲོང་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ་ཕན་འབྲས་ཅུང་བཟང་བོ་བླངས་བ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ནས་ཐོག་དང་པོར་མཁར་གྲོང་གཞི་གཅིག་ཅན་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་རྨང་གཞི་སྒྲིག་ཆས་བྱ་བ་དམ་འཛིན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས། མཁར་གྲོང་གི་སྤྱི་ཚོགས་འགན་སྲུང་། སྤྱི་སྤྱོད་ཞབས་ཕྱི་དང་དེ་མིན་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གཅིག་གྱུར་སྒོས་མཁར་གྲོང་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས།

    རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་ནི་མཚོ་ནུབ་ཁུལ་གྱི་གཅིག་གྱུར་གྱིས་མཁར་གྲོང་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། ད་ལོའི་ཚུན་ལ་རིང་ཚད་ལ་སྤྱི་ལེ་བརྒྱ་དང་ང་ལྔ་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་མོ་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བཏང་བའི་པཎ་ཆེན་ཤང་སྡེ་ནས་མཚོ་རྒན་ར་བར་གྱི་མྱུར་བགྲོད་གཞུང་ལམ་ལས་བའི་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་ས་ཡ་དྲུག་བཏང་བའི་ལས་འགན་ཡོངས་འགྲུབ་བྱས། སྤྱིའི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་དང་དོན་གཉིས་ཡོད་པའི་ཚྭ་ཁ་ནས་ན་གོར་མོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཤིང་། སྤྱིའི་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་དུང་ཕྱུར་གཉིས་བཏང་། པཎ་ཆེན་ཤང་སྡེ་ནས་གཏེར་ལེན་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ཀྱང་ཉེ་ལམ་ལས་མགོ་བརྩམས་ཤིང་། དེར་སྤྱིའི་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་བཏང་། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་ནུབ་ཁུལ་ས་གནས་གཞུང་ལམ་འཛུགས་སྐྲུན་ལས་གཞི་བརྒྱ་དང་གོ་གསུམ་དུ་བསླེབས་པ་དང་། སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་དགུ་བཏང་ཞིང་། ཟླ་དགུ་བའི་བར་དུ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ཁྲི་དྲུག་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས།

    སྤྱིའི་མ་དངུལ་སྒོར་མོ་བྱེ་བ་དགུ་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གཅིག་བཏང་བའི་མི་ཕྱུགས་གཉི་ཀའི་འཐུང་ཆུའི་བཟོ་སྐྲུན་འཛུགས་སྐྲུན་བྱས་རྗེས། མི་ཁྲི་བཞི་དང་ཕྱུགས་ཟོག་འབུམ་བརྒྱད་དང་ཁྲི་གསུམ་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག