མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 22:17

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་བྱ་བའི་སྐུལ་སློང་ཚོགས་འདུ་དེ་གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་ནས་བསྡུས་པ་དང་། ཞང་དང་གྲོང་བརྡལ་དང་རྫོང་ཐད་གཏོགས་ལས་ཁུངས། ཞིང་ཆེན་དང་ཁུལ་གྱི་རྫོང་དུ་སྡོད་པའི་ལས་ཁུངས་སོ་སོ་བཅས་ཀྱི་འགན་ཁུར་མི་སྣ་སྐུལ་སློང་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་ཀྱི་རྩོམ་སྒྲིག་བྱ་བ་སྤེལ་བར་ཧུར་ཐག་གིས་སྐུལ་སློང་དང་བཀོད་སྒྲིག་བྱས།

    ཚོགས་འདུའི་སྟེང་«གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་བྱ་བའི་ལག་བསྟར་ཇུས་གཞི»སྒྲོག་འདོན་བྱས་པ་དང་། གཅིག་སྒྲིལ་རྫོང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཡིག་ཆ་འཚོལ་བསྡུ་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས་པར་མ་ཟད། གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རེ་བ་གསུམ་བཏོན།

    ཐེངས་འདིའི་རྩོམ་སྒྲིག་བྱ་བ་བདེ་ལེགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་ཆེད། གཅིག་སྒྲིལ་རྫོང་གིས་རྫོང་སྲིད་གཞུང་གི་རྫོང་དཔོན་སྤྱིའི་རྩོམ་སྒྲིག་པ་དང་། རྫོང་དཔོན་གཞོན་པ་སྤྱིའི་རྩོམ་སྒྲིག་པ་གཞོན་པ་ཡིན་པའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པར་མ་ཟད། རྩོམ་སྒྲིག་བྱ་བའི་ཐད་མཁོ་བའི་གྲོན་དངུལ་དེ་2014ལོའི་ནོར་སྲིད་སྔོན་རྩིས་ཁྲོད་བཞག

    གཅིག་སྒྲིལ་རྫོང་གི་ས་མིང་ལོ་རྒྱུས་རྩོམ་སྒྲིག་བྱ་བ་དེ2013ལོའི་ཟླ་བཅུ་གཅིག་པར་དངོས་སུ་མགོ་བརྩམས་པ་དང་། 2014ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ཡོངས་འགྲུབ་བྱེད་རྒྱུ་རེད། སྐུལ་སློང་ཚོགས་འདུ་བསྡུས་པ་དེས། གཅིག་སྒྲིལ་རྫོང་གི་ས་མིང་རྩོམ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག