མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་སྟེར་བའི་བྱ་བ་བཟང་བོར་བསྒྲུབས།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཞིང་བ་ཞོར་ལས་བའི་དུས་ལྟར་ཚད་ལོངས་བའི་སྒོ་ནས་ཟླ་ཕོགས་ལེན་ཐུབ་པ་དང་། ཞིང་བ་ཞོར་ལས་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བཅས་བྱེད་ཆེད། ཐུན་ཏེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་སྟེར་བའི་བྱ་བ་བཟང་བོར་བསྒྲུབས།

    ད་ལོ་ནས་བཟུང་། ཐུན་ཏེ་རྫོང་གིས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་སྟེར་བའི་གནས་ཚུལ་དེ་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་གྱི་ནང་དོན་གཙོ་བོའི་གྲས་སུ་བཞག་ནས། འཛུགས་སྐྲུན་རྒྱུ་སྤུས་དང་། བཟོ་སྐྲུན་བདེ་འཇགས་དང་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་ལག་བསྟར། མཉམ་དུ་ཞིབ་བཤེར་བྱས་པ་དང་། རྒྱུན་མ་ཆད་པར་རྫོང་ཡོངས་ཀྱི་ཞིང་བ་ཞོར་ལས་བའི་ལས་ཀ་བྱེད་སའི་བཟོ་སྐྲུན་ཡུལ་དངོས་ལ་སོང་ནས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་དུས་ལྟར་མི་སྟེར་བ་དང་ཆད་ལུས་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་བཅས་བྱས་ནས། ཞིང་བ་ཞོར་ལས་བའི་ཟླ་ཕོགས་དུས་ལྟར་མི་སྟེར་བ་དང་ཆད་ལུས་བྱེད་པར་སྔོན་འགོག་བྱས། ཞིབ་བཤེར་ཁྲོད་གནད་དོན་ཡོད་པའི་བཟོ་སྐྲུན་ཁེ་ལས་ལ་གནད་དོན་ཡོ་བསྲང་བྱེད་པའི་ཉེན་བརྡ་བཏང་བར་མ་ཟད། དྲིལ་སྒྲོག་བློ་འདྲི་ཉིན་མོའི་བྱ་འགུལ་ དང་ཞིང་བ་ཞོར་ལས་བའི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་་གསོ་སྦྱོང་སྤེལ་བ། ཁེ་དབང་སྲུང་སྐྱོབ་ཐད་ཀྱི་ཁ་པར་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་རྒྱ་ཆེར་དང་། བཟོ་སྐྲུན་ལས་ཁུངས་ཀྱིས་ཞོར་ལས་བའི་དོ་དམ་ལ་ཤུགས་སྣོན་པར་སྐུལ་འདེད་བྱས།

    བཟོ་སྐྲུན་ལས་རིགས་སུ་ཟླ་ཕོགས་དུས་ལྟར་མི་སྟེར་བ་དང་ཆད་ལྷགས་བྱེད་པའི་བྱ་སྤྱོད་ཇེ་ཉུང་དུ་གཏོང་བ་དང་། ཞིང་བ་ཞོར་ལས་བའི་ཟླ་ཕོགས་འགན་སྲུང་དངུལ་ལམ་ལུགས་ལག་བསྟར་བྱས་ནས། བཟོ་སྐྲུན་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཞོར་ལས་བའི་དོ་དམ་དང་ཟླ་ཕོགས་སྟེར་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། འཛུགས་སྐྲུན་ལས་ཁུངས་དང་བཟོ་སྐྲུན་ཁེ་ལས་ཀྱིས་བཟོ་སྐྲུན་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་ལྔ་ཞིང་བ་ཞོར་ལས་བའི་ཟླ་ཕོགས་འགན་སྲུང་དངུལ་གྱི་ཆེད་སྤྱོད་དངུལ་བྱང་དུ་བཞག་ནས། བཟོ་སྐྲུན་དངུལ་དང་ཞིང་བ་ཞོར་ལས་བའི་ཟླ་ཕོགས་དུས་ལྟར་མི་སྟེར་བའི་སྣང་ཚུལ་ལ་བཀག་འགོག་བྱེད་དགོས་བར་མ་ཟད། ཁྲིམས་ལྟར་ཞིང་བ་ཞོར་ལས་བའི་ངལ་རྩོལ་གན་རྒྱའི་དོ་དམ་ཤུགས་བསྣན་ནས། བཟོ་སྐྲུན་ཁེ་ལས་དང་ཞིང་བ་ཞོར་ལས་བའི་བར་ལ་ངལ་རྩོལ་གན་རྒྱ་འཇོག་པར་ལྟ་སྐུལ་བྱས་ཏེ། ཁ་གཡར་ནས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་དུས་ལྟར་མི་སྟེར་བ་དང་། སྒེར་སྤྱོད་བྱས་པ། ཆད་ལྷགས་དང་འཁྲི་འཐེན་བྱས་པའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་ནན་མོ་བྱེད་དགོས་བའི་རེ་བ་བཏོན།

    དེ་དང་མཉམ་དུ། འཕྲལ་བསྟུན་དོ་དམ་ལ་ཤུགས་སྣོན་པ་དང་། ནན་ཏན་གྱིས་ཞུ་གཏུག་གྱོད་གཞི་དང་ལེན་བྱས་ཏེ། རྫོང་ཡོངས་ཀྱི་བཟོ་སྐྲུན་མཇུག་བསྡུ་བའི་སྐབས་སུ། «ཞིང་བ་ཞོར་ལས་བའི་ཟླ་ཕོགས་སྟེར་བའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བྲེལ་མྱུར་གྱི་བརྡ་སྦྱོར»་བཟོས་ནས་མར་བཀྲམས་པ་དང་། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ནས་ཞིང་བ་ཞོར་ལས་བའི་ཟླ་ཕོགས་སྟེར་བའི་ཐད་ཀྱི་དག་ཐེར་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཁྱབ་ཁོངས་གཙོ་བོ་དང་ཁེ་ལས་གཙོ་བོར་སོང་ནས་ནུས་ཤུགས་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག