མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱི་གནས་སྐོར་ལས་རིགས་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་སྐྲུན་པ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་གི་གཉན་པོ་གཡུ་རྩེ་དང་། ཨ་མྱེས་རྨ་ཆེན་སོགས་གནས་སྐོར་ས་ཁུལ་གྱི་མཚན་སྙན་གྲགས་ཇེ་རྒྱས་སུ་འགྲོ་བཞིན་པས། མགོ་ལོག་ཁུལ་གནས་སྐོར་བྱ་བ་འཕེལ་རྒྱས་སུ་གཏོང་བར་ཁྲིད་སྟོན་གྱི་ནུས་པ་ཐོན། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ་མགོ་ལོག་ཁུལ་གྱི་གནས་སྐོར་ཐད་ལ་ཐོག་དང་པོར་ཡོང་སྒོ་སྒོར་མོ་དུང་ཕྱུར་གཅིག་ལྷག་སྐྲུན།

    ད་ལྟ་མགོ་ལོག་ཁུལ་གྱིས་གཉན་པོ་གཡུ་རྩེ་གནས་སྐོར་བྱེད་ས་གཙོ་བོར་བརྩིས་ནས། རྨ་ཆུའི་མགོ་ཁུངས་དང་། ཨ་མྱེས་རྨ་ཆེན། དམར་ཁོག དགའ་བདེ། དར་ལག་རྫོང་སོགས་གེ་སར་རིག་གནས་གཙོ་བྱས་ནས། མགོ་ཚུགས་ས་གསར་བ་དང་། རིམ་པ་མཐོ་བ། ཆུ་ཚད་མཐོ་བ། རྒྱུ་སྤུས་བཟང་བ་བཅས་ཀྱི་བྱ་བ་རྒྱུན་འཁྱོངས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་རྨ་ཆུའི་མགོ་ཁུངས་རིག་གནས་དང་། གེ་སར་དོན་བརྗོད་སྙན་རྩོམ་རིག་གནས། མི་རིགས་སྲོལ་རྒྱུན། ཆོས་ལུགས་རིག་གནས། གངས་འདབས་ཀྱི་ཕྱུགས་རྭ། གངས་རི་དང་མཚེའུ། སྐྱེ་ཁམས་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་། གནས་སྐོར་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། གནས་སྐོར་ཐོན་རྫས་ཀྱི་མཚན་སྙན་གྲགས་ཇེ་རྒྱས་སུ་བཏང་།ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ། ཁུལ་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་ལྷག་སྣེ་ལེན་བྱས་ནས། གནས་སྐོར་ཐད་ནས་ཡོང་སྒོ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་སྐྲུན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག