མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ལོ་ཙཱ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་བྱ་བར་རྟོག་ཞིབ་བྱས། ཏུང་ཁེ་ཅོན་དང་ཝང་ཞའོ་གཉིས་ཀྱིས་ཀྱང་མཉམ་དུ་རྟོག་ཞིབ་བྱས།

ཀྲང་ཀོང་རོང་ཞིང་ཆེན་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་དང་ཡིག་སྐུར་ངོ་གཏུག་ཁང་དང་ཁྲིམས་ཐག་གཅོད་ས། བརྡ་འཕྲིན་ལྟེ་གནས་སོགས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་རྒྱང་བསྟེན་གྱོད་དོན་ལ་གྲོས་བསྡུར་བྱེད་པའི་ཁོངས་གཏོགས་སོགས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་དྲག་ཆས་ཉེན་རྟོག་པར་ལྟ་སྐོར་བྱས་པ་མ་ཟད། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི་དང་བཞུགས་མོལ་བྱས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛིན་ལམ་ལུགས་དང་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་བྱ་བ་བརྟན་འཇགས་དང་འོས་འཚམས་སྒོས་དར་སྤེལ་དུ་གཏོང་བ་དང་། ནུས་ལྡན་བྱེད་ཐབས་སྤྱོད་པའི་ཐབས་ལམ་རྒྱུན་འཁྱོངས་བྱེད་པ། བླངས་ཟིན་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་བཅོས་སྒྱུར་གྱི་འདུ་ཤེས་དང་བསམ་ཕྱོགས་བཟུང་ནས་བྱ་བ་སྣ་ཚོགས་ལ་ཡར་སྐུལ་བྱེད་དགོས། ཏན་ཏིག་སྒོས་ཡིག་སྐུར་ངོ་གཏུག་བྱ་བར་འབྲེལ་བ་ཡོད་པའི་བཅོས་སྒྱུར་བྱ་བ་དམ་འཛིན་བྱས་ཏེ་ཕྱོགས་གཅིག་ནས་རྒྱུ་སྤུས་འཛིན་པ་དང་ཕྱོགས་གཅིག་ནས་ཁྲིམས་ལུགས་ལ་བརྟེན་པ་དམ་འཛིན་བྱས་ནས་གྱོད་དོན་བསྒྲུབ་པའི་རྒྱུ་སྤུས་ཇེ་མཐོར་བཏང་སྟེ་ཁྲིམས་ལྟར་དོན་དག་ཐག་གཅོད་བྱེད་པའི་བྱ་བ་དར་སྤེལ་དུ་གཏོང་དགོས་ཟེར།

ཀྲང་ཀོང་རོང་གིས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་གྲུབ་འབྲས་དངོས་ལེན་པར་འགན་སྲུང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་མགོ་ཁྲིད་ཚན་ཁག་དང་དཔུང་སྡེ་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས་གལ་ཆེ་བའི་གནད་དོན་སྟེང་མུ་མཐུད་དུ་ཀླད་པ་གསལ་བོ་ཡིན་པར་འགན་སྲུང་བྱས་ནས་བྱ་བའི་དངོས་རྫུན་གྱི་བར་ནས་ལངས་ཕྱོགས་བརྟན་པོ་དར་ཆ་གསལ་བོ་ཡིན་དགོས་པའི་རེ་བ་བཏོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག