མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ད་ལྟའི་ཀྲུང་གོ”ཞེས་པའི་སྒྱུ་རྩལ་གཟའ་འཁོར་གྱི་མཚོ་སྔོན་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་འགྲེམ་སྟོན་མན་ཀུའུ་ཀྲུང་གོའི་རིག་གནས་ལྟེ་གནས་ནས་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:34

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཐེ་གོར་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མན་ཀུའུ་ཀྲུང་གོའི་རིག་གནས་ལྟེ་གནས། ཐེ་གོ་དང་ཀྲུང་གོའི་སྒྱུ་རྩལ་པའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི“ད་ལྟའི་ཀྲུང་གོ”ཞེས་པའི་སྒྱུ་རྩལ་གཟའ་འཁོར་གྱི་མཚོ་སྔོན་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་འགྲེམ་སྟོན་མན་ཀུའུ་ཀྲུང་གོའི་རིག་གནས་ལྟེ་གནས་ནས་གཟབ་རྒྱས་ངང་སྤེལ།

ད་ལོར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཐེ་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གཉིས་ཀྱིས་མཉམ་ལས་བྱས་ནས། ཀྲུང་གོའི་རིག་གནས་ལྟེ་གནས་དང་ཐེ་གོ་དང་ཀྲུང་གོའི་སྒྱུ་རྩལ་པའི་མཉམ་འབྲེལ་ལྷན་ཚོགས་དང་། ཐེ་གོ་དང་ཀྲུང་གོའི་རིག་གནས་དཔལ་འབྱོར་ཡར་སྐུལ་ཚོགས་པ་སོགས་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག ཐེ་གོ་ནས་བསྒྲུབས་པའི“ད་ལྟའི་ཀྲུང་གོ”ཞེས་པའི་སྒྱུ་རྩལ་གཟའ་འཁོར་གྱི་མཚོ་སྔོན་དམངས་ཁྲོད་ལག་ཤེས་འགྲེམ་སྟོན་དང་། ཀྲུང་གོའི་གློག་བརྙན་གཟའ་འཁོར། ཕྱོགས་བསྡུས་རིག་རྩལ་འཁྲབ་སྟོན་བྱ་འགུལ་སོགས་སྤེལ་ཏེ། ཆུ་ཚད་མཐོ་ཞིང་ཕྱོགས་ཡོངས་ནས་ཐེ་གོ་མི་དམངས་ལ་ཀྲུང་གོའི་དེང་རབས་རིག་གནས་སྒྱུ་རྩལ་གྱི་རྣམ་པ་ངོ་སྤྲོད་བྱས།

འགྲེམ་སྟོན་སྐབས་སུ་ཐེ་གོའི་ལྟ་སྐོར་པ་མང་བོ་ཐང་ཀ་དང་། གཙགས་དྲུབས། འདྲ་བཟོ་བརྩམས་ཆོས་སོགས་ལ་སྤྲོ་བ་ཆེན་པོ་ཡོད། ཐེ་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོའི་ལྕམ་མོ་ཆེད་དུ་འགྲེམ་སྟོན་བྱེད་སར་ཡོང་ནས་གཙགས་དྲུབས་དང་། འདྲ་བཟོ་བརྩམས་ཆོས་སོགས་ལ་ཁས་ལེན་གང་ལེགས་བྱས།

ཚོགས་ཡུན་ཉིན་དྲུག་རིང་གི“ད་ལྟའི་ཀྲུང་གོ”ཞེས་པའི་སྒྱུ་རྩལ་གཟའ་འཁོར་གྱི་མཚོ་སྔོན་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་འགྲེམ་སྟོན་ཚེས་གཉིས་ཉིན་མན་ཀུའུ་ཀྲུང་གོ་རིག་གནས་ལྟེ་གནས་ནས་གྲོལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག