མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མའོ་ཞོ་པེན་སོགས་མགོ་ཁྲིད་པས་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲང་ཡུང་ཧེ། ཧྲི་ཀྲང་གཞོན་པ་ཞུའུ་གོ་ཁྲིན་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས། མའོ་ཞོ་པེན་གྱིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བ་ནི་དུས་རྒྱུན་དུ་དམ་འཛིན་བྱེད་དགོས་པའི་བྱ་བ་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་ཁྲིམས་ནན་མོ་སྤྱོད་པ་དང་། ཕན་འབྲས་དངོས་ལེན་དགོས་ཞེས་པའི་རེ་བ་ལྟར། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། གྲོང་ཁྱེར་ཏང་ཨུའི་བཀོད་སྒྲིག་བྱ་བའི་སྟེང་དུ་གཅིག་གྱུར་བྱས་ནས། རང་རེའི་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ལྟ་སྐུལ་གྱི་བྱ་བའི་རྣམ་པ་ཇེ་བརྟན་དུ་གཏོང་དགོས་པ་དང་། ནམ་ཡིན་ཡང་བདེ་འཇགས་ཐོན་སྐྱེད་བྱ་བར་དོ་སྣང་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བྱ་བར་ཁག་ཐེག་བྱེད་དགོས་ཟེར།

མའོ་ཞོ་པེན་སོགས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཝང་ཧྥུའུ་ཅིན་ཚོང་ར་དང་། ཧེ་ཧུའུ་ས་ཁུལ་གསར་བའི་ཅིན་དབྱང་ཀོང་ཐོག་ཁང་ཆེན་མོའི་ཨར་ལས་བཟོ་སྐྲུན་ཡུལ་དངོས། ནུབ་རི་ནགས་ར་དང་དེ་མིན་ཟི་ལིང་གྲོང་ཁྱེར་ནགས་ཚལ་མེ་འགོག་དངོས་རྫས་གསོག་འཇོག་མཛོད་ཁང་སོགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ལས་ཁུངས་དེ་དག་གི་འགན་ཁུར་བ་དང་ལས་བཟོ་བར་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་སྣ་ཚོགས་དང་ཉིན་རྒྱུན་གྱི་གསོ་སྦྱོང་གནས་ཚུལ་ལ་ཞིབ་འདྲི་བྱས།

ཟི་ལིང་གྲོང་ཁྱེར་གྱི་གོ་རིམ་རྗེས་མའི་བདེ་འཇགས་ཐོན་སྐྱེད་བྱ་བར་དམིགས་ནས། མའོ་ཞོ་པེན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་སྤྱོད་སྟངས་བསྒྱུར་བའི་བྱ་བ་ནན་མོ་བསྒྲུབ་ནས་བདེ་འཇགས་ཐོན་སྐྱེད་བྱ་བར་ཡར་སྐུལ་བྱེད་དགོས། གཉིས་ནས་གཞི་རིམ་བྱ་བ་དམ་འཛིན་བྱས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་ཟི་ལིང་གྲོང་ཁྱེར་གྱི་ཁྱད་ཆོས་ལྟར་བདེ་འཇགས་ཐོན་སྐྱེད་བྱ་བའི་མི་འདང་ས་འཚོལ་དགོས། བཞི་ནས་མུ་མཐུད་དུ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོའི་བྱ་བར་ཤུགས་སྣོན་དགོས། ལྔ་ནས་བདེ་འཇགས་བྱ་བའི་འགན་ཁུར་སྔར་ལས་གསལ་བོ་བྱས་ནས། སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་ཁུར་འབུར་དུ་ཐོན་པར་བྱེད་དགོས། དྲུག་ནས་བདེ་འཇགས་དོགས་ཟོན་བྱ་བ་དང་། བདེ་འཇགས་སློབ་གསོ། བདེ་འཇགས་བྱེད་ཐབས་སོགས་ཐད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་དུས་ཐོག་ཏུ་སྤྱི་བསྡོམས་དང་ཁྱབ་སྤེལ་བྱས་ནས། མཛུབ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཞོར་དུ། གཏན་ཁེལ་དང་འགལ་བའི་ལས་ཁུངས་ཐེར་འདོན་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག