མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་སློབ་གྲྭའི་བདེ་འཇགས་བྱ་བ་དམ་འཛིན་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སློབ་གསོའི་ཁོངས་གཏོགས་ཀྱི་སློབ་གསོ་ཐོབ་ཚད་མཐོ་བའི་ཁྱད་ཆོས་གང་ལེགས་སྒོས་འདོན་སྤེལ་བྱས་ནས། “བདེ་འཇགས་ཀྱི་སློབ་གྲྭ་དང”“དཔལ་ཡོན་གྱི་སློབ་གྲྭ”གསར་སྐྲུན་བྱེད་པ་སོགས་བྱ་འགུལ་སྤེལ་ནས།ཤུགས་ཆེན་པོས་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་འགལ་བ་དང་རྩོད་གཞི་མེད་པར་གཏོང་བ་དང་བདེ་འཇགས་ཐད་ཀྱི་ཉེན་ཁར་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བ་དང་། ཧུར་ཐག་གིས་སྐྱོན་བྲལ་དཔལ་ཡོན་དང་། བདེ་འཇགས་འཆམ་མཐུན་བཅས་ཀྱི་སློབ་གསོའི་སློབ་ཁྲིད་ཀྱི་ཁོར་ཡུག་ཅིག་གསར་སྐྲུན་བྱས་ནས། རྫོང་ཡོངས་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང”གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བར་ཞབས་ཕྱི་བསྒྲུབས།

ཉེ་ལམ་ཁུལ་དང་རྫོང་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ཁྲོད་དུ་བོད་ཁུལ་སྲུང་སྐྱོང་བརྟན་འཇགས་ཀྱི་བསམ་བློའི་སློབ་གསོ་སྣེ་ཁྲིད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་སྒྲོག་སྦྱོང་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་བསམ་བློའི་ཆབ་སྲིད་སློབ་གསོ་བྱ་བ་བཟང་བོར་བསྒྲུབས་པ་དང་། དཀའ་ཁག་ཅན་གྱི་སློབ་གྲྭ་ཆེན་མོ་བར་རོགས་རམ་བྱེད་ཞོར་དུ། ད་རུང་འགལ་བ་དང་རྩོད་གཞི་འབྱུང་བར་སྔོན་འགོག་བྱས་ཤིང་། རོང་འབྲོག་ཕྱོགས་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ཇེ་བཟང་དུ་གཏོང་བའི་འཆར་གཞི་དངོས་འབེབས་བྱས་ནས། རྫོང་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་སློབ་མ་སྟོང་གཉིས་དང་བདུན་བརྒྱ་ལྷག་ལ་འཚོ་བཅུད་ལྡན་པའི་ཟས་རིགས་འདོན་སྤྲོད་བྱེད་པའི་བྱ་བར་ཁག་ཐེག་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག