མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་བསྐྱར་ཡུལ་ཤུལ་གྱི་དཀའ་ཁག་ཅན་གྱི་སློབ་གྲྭ་ཆེན་མོ་བ་བཞི་ཅུར་ཞལ་འདེབས་ཕུལ་ཏེ་རོགས་སྐྱོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ས་འགུལ་བྱུང་རྗེས། ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་དང་ཕྱིར་སྡོད་རང་མི་ལས་རིགས་ཀྱིས་གནོད་འཚེ་ས་ཁུལ་གྱི་སློབ་མ་རྣམས་ལ་རོགས་སྐྱོར་བྱས་ཤིང་། བསྟུད་མར་ལོ་གསུམ་གྱི་རིང་ལ་དཀའ་ཁག་ཅན་གྱི་ཕུལ་བྱུང་སློབ་མ་རྣམས་ལ་མ་དངུལ་ཞལ་འདེབས་ཕུལ། མུ་མཐུད་དུ་རོགས་སྐྱོར་བྱེད་ཆེད། ཚེས་དྲུག་ཉིན་ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་བསྐྱར་ཡུལ་ཤུལ་གྱི་དཀའ་ཁག་ཅན་གྱི་སློབ་གྲྭ་ཆེན་མོ་བ་བཞི་ཅུར་རོགས་སྐྱོར་ཞལ་འདེབས་མ་དངུལ་ཕུལ་ནས། སློབ་སྦྱོང་དང་འཚོ་བའི་དཀའ་ཁག་ཐག་གཅོད་རོགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ས་ཆར་ས་འགུལ་བྱུང་རྗེས། ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མྱུར་དུ་ལག་རྡང་སྦྲེལ་བའི་ཞལ་འདེབས་ཕུལ་བའི་བྱ་འགུལ་སྤེལ་ནས། གནོད་འཚེ་ས་ཁུལ་ལ་མ་དངུལ་སྒོར་མོ་འབུམ་བརྒྱད་དང་ཁྲི་བདུན་སྟོང་གཅིག་ལྷག་ཞལ་འདེབས་ཕུལ་བར་མ་ཟད། ལོ་གསུམ་རིང་གི་དུས་ཚོད་བེད་སྤྱད་དེ། ཡུལ་ཤུལ་ས་ཁུལ་གྱི་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཕུལ་དུ་བྱུང་བའི་དཀའ་ཁག་ཅན་གྱི་སློབ་མར་རོགས་སྐྱོར་བྱས་ཤིང་། ལོ་རེར་སློབ་མ་བཞི་བཅུར་རོགས་སྐྱོར་བྱས། ད་ལོའི་ཟླ་བདུན་པར་ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དགེ་སྒྲུབ་བྱ་བ་དེ་ཕྱིན་ཆད་མུ་མཐུད་དུ་བསྒྲུབས་ནས། མཚོ་སྔོན་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་སུ་ཡོད་པའི་ཡུལ་ཤུལ་གྱི་དཀའ་ཁག་ཅན་གྱི་ཕུལ་བྱུང་སློབ་མ་བཞི་ཅུར་རོགས་སྐྱོར་བྱས་ནས། ཁོ་ཚོར་སློབ་མཐར་ཕྱིན་རག་བར་དུ་རོགས་སྐྱོར་བྱེད་རྒྱུ་ཐག་བཅད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག