མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་གཅིག་སྒྲིལ་རྫོང་ལ་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བཞིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:20

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་སློབ་གསོའི་ཁོངས་གཏོགས་ལ་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་བསྒྲུབས་པ་ནས་བཟུང་། རྫོང་སློབ་གསོ་ཅུའུ་དང་ཁ་གཏད་རོགས་སྐྱོར་བྱེད་ཡུལ་གྱི་སློབ་གྲྭ་གཉིས་ཀྱིས་དེར་ཧ་ཅང་མཐོང་ཆེན་དང་འབད་བརྩོན་གྱིས་གཅིག་སྒྲིལ་རྫོང་ལ་ཡོང་ནས་སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱེད་པར་ཞུགས་པའི་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་སློབ་གསོ་ཅུའུ་ཡི་དགེ་རྒན་དྲུག་དང་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་གི་དགེ་རྒན་གསུམ་བཅས་ལ་འཚོ་བའི་ཐད་ནས་རོགས་རམ་བྱས་ཏེ་གཞིས་ཟས་བཀོད་སྒྲིག་དང་འཚོ་བའི་མཁོ་ཆས་སོགས་འདོན་སྤྲོད་བྱས་ཏེ་དགེ་རྒན་རྣམས་ལ་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་བྱིན་པས་ཁོ་ཚོས་ནན་ཏན་གྱིས་བྱ་བ་བསྒྲུབ་པ་དང་སེམས་བདེ་མོའི་ངང་སློབ་ཁྲིད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གྱུར། དེའི་སྐབས་སུ་སློབ་གསོའི་ཁོངས་གཏོགས་ཀྱི་མགོ་ཁྲིད་པ་ཐེངས་མང་པོར་སློབ་གྲྭའི་ནང་དུ་སོང་ནས་སློབ་གསོར་རོགས་སྐྱོར་བྱེད་པའི་དགེ་རྒན་རྣམས་ཀྱི་འཚོ་བ་དང་བྱ་བའི་ཕྱོགས་ཀྱི་གནས་ཚུལ་རྒྱུྶས་ལོན་བྱས་པར་མ་ཟད། གཟའ་སྤེན་པ་དང་གཟའ་ཉི་མའི་ངལ་གསོའི་སྐབས་སུ་གནས་དེའི་སློབ་གསོར་རོགས་སྐྱོར་བྱེད་པའི་དགེ་རྒན་རྣམས་རྩ་འཛུགས་བྱས་ནས་གཅིག་སྒྲིལ་རྫོང་གི་ཡུལ་སྲོལ་གོམས་འདྲིས་དང་ས་གཤིས་ཁོར་ཡུག་ལ་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཁོ་ཚོར་སྔར་ལས་ལྷག་པའི་སྒོ་ནས་གཅིག་སྒྲིལ་རྫོང་གི་ཡུལ་སྲོལ་གོམས་འདྲིས་ལ་རྒྱུས་ལོན་བྱེད་དུ་བཅུག་ཏེ་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་དང་སློབ་ཁྲིད་བྱ་བར་ཞབས་ཞུ་བྱེད་དུ་བཅུག

སློབ་གསོའི་རོགས་སྐྱོར་བྱ་བར་ཞུགས་ནས་ཟླ་གཅིག་གི་རིང་ལ་ལྟོས་བཅོས་ཀྱིས་དཀའ་ཁག་ཆེ་བའི་གནས་ཚུལ་འོག སློབ་གསོར་རོགས་སྐྱོར་བྱེད་པའི་དགེ་རྒན་རྣམས་ཀྱིས་མཐོ་སྒང་དུ་དབྱང་དབུགས་དཀོན་པ་དང་ནམ་ཟླ་འཁྱག་པའི་དཀའ་ཁག་ཁྱད་དུ་བསལ་ནས་མྱུར་དུ་བྱ་བའི་ཁྲོད་ཞུགས་ཏེ་སློབ་གྲྭའི་ནང་དུ་ཡོངས་ཁྱབ་ཏུ་དཔེ་སྟོན་སློབ་ཁྲིད་དང་འཆད་ཁྲིད་སོགས་སློབ་གསོའི་བྱ་འགུལ་སྤེལ། སློབ་གསོར་རོགས་སྐྱོར་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བ་དེས་རྫོང་དེའི་སློབ་གསོ་དང་སློབ་ཁྲིད་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་གསར་སྒྱུར་བྱས་ནས་སློབ་གསོ་དང་སློབ་ཁྲིད་ལ་ཕན་ནུས་ངེས་ཅན་ཞིག་ཐོབ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག