མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་ཏང་ཙུའུ་དང་ཏང་ཨུའི་ཚན་ཁག་གིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:20

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ལས་ཁུངས་སོ་སོའི་ཏང་ཙུའུ་དང་ཏང་ཨུའི་ཚན་ཁག་གིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ནས། ཚན་ཁག་གི་མི་སྣས་ཡོངས་ཁྱབ་ཏུ་སྐྱོན་བརྗོད་དང་རང་སྐྱོང་རང་བརྗོད་བྱས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་དགོས་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་གཞིར་བཟུང་སྟེ། ལས་ཁུངས་སོ་སོའི་ཏང་ཙུའུ་དང་ཏང་ཨུའི་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སྔ་གཞུག་ཏུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། ཚོགས་འདུའི་སྔོན་ལ། ཏང་ཙུའུ་དང་ཏང་ཨུའི་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་ཀྱི་སྤྱོད་ངན་བཅས་ཕྱོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་ཏེ། ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་། ཚན་ཁག་གི་མི་སྣ་བར་སེམས་གཏམ་བཤད་པ། ཞིབ་བཤེར་ཡིག་ཆ་ནན་ཏན་སྒོས་བྲིས། ཚོགས་འདུའི་སྟེང་། ཚན་ཁག་གི་མི་སྣས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གིས་བསྡུས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དཔེ་སྟོན་དུ་བཟུང་སྟེ། རང་སོ་སོས་བསྡུས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་སྤྱོད་ངན་བཞིའི་གནད་དོན་ལ་དམིགས་ཏེ། ཞིབ་བཤེར་ནན་མོ་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་མ་ཟད། རང་སྟེང་གཙང་སྒྱུར་དང་། རང་སྟེང་འཐུས་ཚང་། རང་སྟེང་གསར་སྒྱུར། རང་སྟེང་མཐོར་འདེགས་བཅས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག