མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལིན་རྫོང་གི་ཁས་ལེན་ཟུང་གི་བྱེད་ཕྱོགས་ཀྱིས་རོང་འབྲོག་སྡེ་གསར་བའི་འཛུགས་སྐྲུན་ལ་རོགས་འདེགས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཆི་ལེན་རྫོང་གི་ཞང་དང་གྲོང་རྡལ་གྱི་ཏང་ཨུས་མཉམ་དུ་སྔོན་ཐོན་ཕུལ་བྱུང་གི་བྱ་འགུལ་རིམ་པར་སྤེལ། རྒྱ་ཆེའི་མང་ཚོགས་ཀྱི་དཀའ་ཉོག་ཐག་གཅོད་དང་མང་ཚོགས་ལ་དོན་བཟང་བསྒྲུབ་རྒྱུ་ནི་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། སྡེ་ཁག་སོ་སོར་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་སྡེ་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པར་ཁས་ལེན་དམ་བཅའ་འཇོག་དགོས་པའི་ཁས་ལེན་ཟུང་གི་བྱ་འགུལ་རྒྱ་ཁྱབ་ཀྱིས་སྤེལ་དགོས་པར་མ་ཟད། སྒྲུབ་རྒྱུ་ཁས་ལེན་དང་འདོད་དོན་ཞལ་བཞེས། ཁས་ལེན་ཁག་ཐེག ཁ་བཤད་ལག་སྒྲུབ་བཅས་ཀྱི་བྱེད་ཕྱོགས་གཞི་གཅིག་ཏུ་སྦྲེལ་ནས། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་ཕུལ་བྱུང་གི་བྱ་བ་སྒྲུབ་པའི་ཆོད་སེམས་བརྟན་པོ་འབུར་ཐོན་ཡོང་བར་འབད་དགོས་པ་དང་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ལག་ལེན་བྱ་བའི་དགོངས་དོན་ཀྱི་ཁྱད་ཆོས་དང་ཕན་འབྲས་མངོན་དུ་འགྱུར་བ་བྱ་དགོས།

རྫོང་འདིས་དམངས་དོན་སྒྲུབ་ཆེད་དུ་སྤེལ་བའི་ཁས་ལེན་ཟུང་གི་འཆར་འགོད་ལྟར། ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་ལས་བྱེད་པ་ཚང་མ་དངོས་ཡོད་བྱ་བའི་སྟེང་དུ་མཉམ་ལས་མཉམ་འདུག་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས། མང་ཚོགས་ཀྱི་བསམ་འཆར་ཡོངས་སྒྲུབ་བྱེད་པར་ཁས་ལེན་དམ་བཅའ་དང་དུས་ལྟར་འོས་འགན་གཙང་སྒྲུབ། བྱ་བའི་བྱེད་ཕྱོགས་ཡང་དག་པ་བཅས་ལ་ཁག་ཐེག་ཡོད་པའི་རྨང་གཞིའི་སྟེང་དུ། མི་རེ་རེར་དམ་བཅའ་རེ་ཡོད་པ་དང་སོ་སོར་རང་དང་འཚམ་པའི་བྱ་བའི་དམིགས་འབེན་རེ་ཡོད་པའི་བྱ་བའི་རྣམ་པ་ལེགས་པོ་གྲུབ། དེ་མིན་ད་དུང་ཀྲི་པུའུ་ཧྲུའུ་ཅི་ཚང་མས་མང་ཚོགས་ཀྱི་འཐུས་མི་ཚོགས་ཆེན་བསྡུས་ནས། ཚོགས་ཐོག་ནས་ཁས་ལེན་ཡི་གེ་བྲིས་ཏེ། ཏང་ཡོན་སོ་སོའི་སྒྲུབ་བྱའི་བྱ་བ་དང་བྱ་བའི་རྣམ་འགྱུར། སྒྲུབ་པའི་དུས་ཡུན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཁྲོམ་བསྒྲགས་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པས་གཞི་རིམ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བདུན་གྱི་ཏང་ཀྲི་པུའུ་ང་བཞི་ཡིས་ལས་དོན་ཉིས་བརྒྱ་གྱ་བདུན་སྒྲུབ་པར་ཁས་ལེན་དམ་བཅའ་བཞག་ཡོད་ལ། དེའི་ནང་གི་ལས་དོན་བརྒྱ་དང་དོན་བརྒྱད་ཁས་ལེན་བྱས་པ་ལྟར་ལེགས་འགྲུབ་བྱས་ཟིན། ཏང་ཡོན་ལས་བྱེད་མི་སྣ་བདུན་བརྒྱ་རེ་དྲུག་གིས་ལས་དོན་ཆིག་སྟོང་དོན་བརྒྱད་བསྒྲུབ་རྒྱུར་ཁས་ལེན་ཁག་ཐེག་བྱས་ཡོད་ལ། དེའི་ནང་ནས་ལས་དོན་དྲུག་བརྒྱ་སོ་དགུ་ཁས་ལེན་བྱས་པའི་དུས་ཆོད་ལྟར་ཡོངས་འགྲུབ་བྱས་ཡོད།

ཁས་ལེན་བྱས་པའི་ལས་དོན་དག་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་ལས་བྱེད་པའི་དངོས་ཡོད་བྱ་བའི་རྐང་འཛུགས་ས་ནས་མགོ་བརྩམས་ཏེ། སྡེ་བའི་ནང་གི་འགལ་བ་འདུམ་འགྲིག་དང་སྡེ་བ་འཕེལ་རྒྱས་འགྲོ་བར་ཕན་པའི་དགོངས་འཆར་འདོན་པ་སོགས་བྱས་ནས། གཞི་རིམ་མང་ཚོགས་དབུལ་ཕོངས་ལས་ཐར་ནས་ཕྱུར་འགྱུར་གྱི་ལམ་བུར་འཁྲིད་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས། དེ་དང་ཆགས་ཅིག་ཏུ། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུས་ལྟ་སྐུལ་དང་མཛུབ་སྟོན། དོ་དམ་ལམ་ལུགས་བཅས་གཞི་གཅིག་ཅན་གྱི་མ་ལག་འཐུས་ཚང་བཙུགས་ནས། དེས་ཏང་ཡོན་ལས་བྱེད་པས་དམངས་དོན་གྱི་ཆེད་དུ་ཁས་ལེན་དམ་བཅའ་བྱས་ཟིན་པའི་ལས་ཀ་རྣམས་དུས་ལྟར་ཡོངས་འགྲུབ་བྱེད་པར་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་ལ། ཞང་དང་གྲོང་རྡལ་གྱི་ཏང་ཨུ་རྣམས་ཀྱིས་དུས་བཅད་ལྟར་སྡེ་བའི་ནང་ནས་དཔྱད་བསྡུར་ཚོགས་འདུ་བསྡུས་ཏེ།གཞི་རིམ་མང་ཚོགས་གདན་འདྲེན་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ཀྲི་པུའུ་ཧྲུའུ་ཅི་རྣམས་ཀྱི་བྱ་བའི་བྱེད་ཕྱོགས་དང་ཁས་ལེན་བྱ་བ་དུས་ལྟར་ཡོངས་འགྲུབ་བྱས་ཡོད་མེད། ད་དུང་བྱ་བའི་ལས་ཆོད་དང་སྤུས་ཀ་སོགས་ལ་མང་ཚོགས་ཀྱིས་བསམ་འཆར་འདོན་པ་དང་ལྟ་སྐུལ་ནན་མོ་བྱེད་ཀྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག