མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཉི་འོད་ནུས་པའི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་རྒྱུ་སྤུས་ཚོད་འཛིན་ཞིབ་བསྡུར་ཚོགས་འདུ་ཚེས6ཉིན་ཟི་ལིང་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཉི་འོད་ནུས་པའི་ཐོན་ལས་མཉམ་འབྲེལ་མཐུན་ཚོགས་ཀྱིས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་ཁུར་ནས་བསྒྲུབས་པ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གློག་རྡུལ་ཆ་འཕྲིན་ཟིའི་མཛུབ་སྟོན་བྱས་པའི་ཉི་འོད་ནུས་པའི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་རྒྱུ་སྤུས་ཚོད་འཛིན་ཞིབ་བསྡུར་ཚོགས་འདུ་ཚེས6ཉིན་ཟི་ལིང་ནས་ཚོགས།

ཚོགས་ཐོག་ནས་ད་ལྟའི་ཉི་འོད་ནུས་པའི་ཐོན་ལས་འཕེལ་རྒྱས་གནས་བབ་དང་དེ་མིན་མ་འོངས་བའི་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་ནས། ཉི་འོད་ནུས་པའི་གསར་བཟོ་ལས་རིགས་ཀྱི་ཚད་གཞིའི་ཆ་རྐྱེན་སྒྲོག་འདོན་བྱས་པ་མ་ཟད། འབྲེལ་ཡོད་ཐོན་ལས་ཡིད་རྟོན་མ་དངུལ་གྱི་སྲིད་ཇུས་མཚམས་སྦྱོར་བྱས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཁུངས་གསར་བའི་ཐོན་ལས་རྟེན་གཞི་གསར་བ་འཛུགས་པ་དེ་དམིགས་ཡུལ་དུ་བརྩིས་ནས། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཉི་འོད་ནུས་པའི་ཐོན་ཁུངས་ཁྱད་སྟོབས་དང་བྱེ་ཐང་ཅན་གྱི་ཐོན་ཁུངས་བེད་སྤྱད་དེ། གོ་རིམ་ཡོད་པ་དང་། དཔལ་འབྱོར་རྩ་དོན་ལྟར། གཅིག་བསྡུས་གསར་སྤེལ་དང་ཐར་ཐོར་བེད་སྤྱོད་གཉིས་དང་ཟུང་དུ་སྦྲེལ་བའི་བྱ་བ་རྒྱུན་འཁྱོངས་བྱས་པ་དང་། རྒྱུན་ཆད་མེད་པར་ལག་རྩལ་ཡར་ཐོན་དང་དོ་དམ་གསར་སྐྲུན་བཅས་ཀྱི་བྱ་བ་ཡར་སྐུལ་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་གསར་སྐྲུན་བྱས་ཤིང་། ཁེ་ལས་གཙོ་བོ་དར་སྤེལ་བྱས་པ་དང་། ལས་གཞི་གལ་ཆེན་སྐོར་ཞིག་འཕྲོ་རིམ་འཕྲོར་ཐོན་སྐྱེད་བྱེད་མགོ་བརྩམས་ཏེ། ཉི་འོད་ནུས་པའི་ཐོན་ལས་སྤེལ་བའི་རྟེན་གཞི་རིམ་བཞིན་ཆགས། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་གྱིས་ནན་ཏན་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉི་འོད་ནུས་པའི་ཐོན་ལས་སྐྱོན་བྲལ་བའི་ངང་འཕེལ་རྒྱས་ཡར་སྐུལ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ལག་བསྟར་དངོས་འབེབས་བྱས་ནས། སྟོབས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཉི་འོད་ནུས་པའི་ཐོན་ལས་རྟེན་གཞི་དང་། ཆེས་ཆེ་བའི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཀྱི་རྟེན་གཞི་གསར་བཟོ་བྱེད་པ་དང་། ཐོན་ལས་ཀྱི་འབྲེལ་མཐུད་བྱ་བ་སྔར་ལས་འཐུས་ཚང་དུ་གཏོང་བ། ཐོན་ལས་ཆ་ཚང་བྱ་བར་ཤུགས་བསྣན་ནས། ལག་རྩལ་ཡར་ཐོན་བྱེད་པ། རྨ་ཆུ་སྟོད་སྨད་རྒྱུད་ཀྱི་འབྲེལ་མཐུད་བྱ་བ་ལག་བསྟར་བྱེད་པ། ཁེ་ལས་ཁག་བགོ་བའི་རྣམ་པ་ལྟར་གློག་འདོན་བཀོལ་སྤྱོད་ཚོང་ར་གསར་གཏོད་བྱས་ནས། ཤུགས་ཆེན་པོས་ཉི་འོད་ནུས་པའི་གསར་བཟོ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག