མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་འབྲོག་པ་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བའི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་པ་མ་ཟད། ས་དེའི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད།

ཐུན་མོང་མ་ཡིན་པའི་ཐོན་རྫས་གསར་སྐྲུན་དང་། ཐོན་ལས་ཀྱི་ཕན་འབྲས་ཇེ་མང་དུ་གཏོང་བར་ཡར་སྐུལ་བྱེད་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ལ་གཙང་མ་ཡིན་པ་དང་། ཕྱུགས་ཐོན་ཐོན་རྫས་ཀྱི་རྒྱུ་སྤུས་ཅུང་བཟང་བོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ཤིང་། ཕྱུགས་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བྱ་བ་དམ་འཛིན་བྱས། མིག་སྔར་ན་གོར་མོའི་སོག་ལུག་ཞིང་ལས་ཐོན་རྫས་ཀྱི་ས་རྒྱུས་ཚད་གཞིར་རྒྱལ་ཁབ་ཀྱིས་ཁས་ལེན་གཏན་འཁེལ་ཐོབ་ཅིང་གདང་ལ་འབྲི་མོ་དང་། གདང་ལ་བོད་ལུགས་ཞིང་ལས་ཐོན་རྫས་ས་རྒྱུས་ཚད་གཞི་ཞུ་འབུལ་སྔོན་གྱི་བྱ་བ་བདེ་བླག་ངང་སྤེལ་བཞིན་པ་མ་ཟད། ཁྱད་ཆོས་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་ར་གྲགས་ཅན་ཀྱང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཞིན་ཡོད་པ་དང་། ཞོར་དུ་ན་གོར་མོ་གྲོང་ཁྱེར་གྱིས་རྩྭ་སའི་ཁ་གསབ་རང་བཞིན་གྱི་བྱ་དགའི་ནང་རྐྱེན་དངོས་འབེབས་བྱས་ནས། སྐྱེ་ཁམས་དཔལ་ཡོན་སྤེལ་བར་རྒྱུན་འཁྱོངས་བྱེད་པ་དང་། ཕྱུགས་ལས་རྒྱུན་སྲིང་ངང་འཕེལ་རྒྱས་ཡར་སྐུལ་བྱེད་པ་དམིགས་ཡུལ་དུ་བརྩིས་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁ་གསབ་རང་བཞིན་གྱི་བྱ་དགའི་ནང་རྐྱེན་ཡར་སྐུལ་དངོས་འབེབས་བྱས། ད་ལོར་ན་གོར་མོ་ཡོངས་སུ་བསྡོམས་པས་རྩྭ་སའི་འགན་གཙང་ལེན་གྱི་རྒྱ་ཁྱོན་མུའུ་བྱེ་བ7ལྷག་འཐུས་ཚང་དུ་བཏང་བ་དང་། བྱ་དགའི་ཁ་གསབ་མ་དངུལ་སྒོར་མོ་བྱེ་བ5ལྷག་བྱིན་པ། རོང་འབྲོག་ཁྱིམ་ཚང1200ལྷག་གིས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་བཞིན་པ་དང་། ཞོར་དུ་འབྲེལ་ཡོད་སྡེ་ཁག་གིས་ད་དུང་རྩྭ་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ། རོང་འབྲོག་པའི་བརྟན་འཇགས་ཡོང་སྒོ་འཕར་བའི་ཡུན་རིང་གི་ནང་རྐྱེན་བཙུགས།

འབྲོག་པ་མང་ཚོགས་ཀྱིས་རྩྭ་ཆུར་བརྟེན་ནས་འཚོ་བ་རོལ་བའི་ཁྱད་ཆོས་ལྟར། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་བྱས་ནས། མ་དངུལ་སྒོར་མོ་ས་ཡ8.62བཏང་ནས་རྩྭ་སར་སྦྲ་གུར་ཕུབ་པའི་ལས་གཞི་དངོས་འབེབས་བྱས་ཤིང་། འབྲོག་པ་ཁྱིམ་ཚང700ལྷག་ལ་འཚོ་བའི་ཐོན་སྐྱེད་ཐད་ལ་མཁོ་བའི་སྦྲ་གུར་དང་དྲོད་སྲུང་ཐབ་ཀ འཁྱེར་བདེ་བརྙན་འཕྲིན། སྟབས་བདེ་མལ་ཁྲི་སོགས་བྱིན་ནས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག