མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྲིད་ཇུས་ཁྱབ་ཁོངས་སུ་ཞག་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་བྱེད་པའི་བསྡུར་གྲངས་དེ71%ནས76%ལ་ཇེ་མཐོར་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-07 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་སྡོད་དམངས་ཀྱི་འཕྲལ་སྒྲུབ་མྱུར་སྐྱོབ་ལམ་ལུགས་འཛུགས་པར་སྣེ་ཁྲིད་དེ། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་། ད་ལྟ། སྲིད་ཇུས་ཁྱབ་ཁོངས་སུ་ཞག་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་བྱེད་པའི་བསྡུར་གྲངས་དེ71%ནས76%ལ་ཇེ་མཐོར་བཏང་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཆ6གི་ཇེ་མཐོར་སོང་ཡོད།

ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ནས་འབྱོར་བའི་སྡོམ་རྩིས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ནད་རིགས་ལྕིད་མོ་ཕོག་པའི་ནད་པ་ཞག་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་དེ་དོན་དངོས་ཐོག་རྩིས་ཞུ་བྱེད་པའི་བསྡུར་ཚད་ཀྱང80%ལ་སླེབས་ཡོད་པ་དང་། ད་ལྟ་ནད་པ་མི་ཁྲི2.8ལ་ནད་རིགས་ལྕིད་མོའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར1.55རྩིས་སྤྲོད་བྱས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག