མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་བྱས་པ་མི་ཐེངས་ཁྲི5.6ལ་སླེབས་ཤིང་ཟླ་གཉིས་སྔ་སྣུར་སྒོས་ལས་འགན་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-07 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི2013ལོའི་ལས་ཞུགས་དམིགས་ཚད་ལས་འགན་ཟླ་གཉིས་སྔ་སྣུར་སྒོས་ལེགས་འགྲུབ་བྱས་པ་དང་། ལས་ཞུགས་བརྟན་བརླིང་གི་རྣམ་པ་སྲུང་འཛིན་བྱས་ཡོད།

ད་ལོའི་ཚུན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལས་ཞུགས་ལ་སྐུལ་འདེད་བྱེད་པ་དེ་ལས་འགན་གཙོ་བོར་བཟུང་སྟེ། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ་དང་ལས་ཞུགས་དཀའ་ངལ་མི་སྣ། ལས་ཤོར་མི་སྣ་སོགས་མང་ཚོགས་ལ་གཞིགས་ཏེ། བཟོ་ལས་ར་བ་ཁུལ་དང་དམངས་གཉེར་ཁེ་ལས། ཁེ་ལས་ཆུང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་།

སྤྱི་ཟླ10བའི་ཟླ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་བྱས་པ་མི་ཁྲི5.65དང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་མི་ཁྲི5.6ལས100.89%ལེགས་འགྲུབ་བྱས་ཡོད། རིགས་སོ་སོའི་ལས་ཤོར་མི་སྣ་མི་ཁྲི3.08ལས་ཞུགས་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི་མི་ཁྲི2.5ལས123.25%ལེགས་འགྲུབ་བྱས་ཡོད། གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་མི་སྣ་མི་ཁྲི0.37ལས་ཞུགས་བྱས་ཏེ་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི་མི་ཁྲི0.3ལས123.27%ལེགས་འགྲུབ་བྱས་ཡོད། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་སྤོ་བསྒྱུར་ལས་ཞུགས་བྱས་པ་མི་ཐེངས་ཁྲི113ལ་སླེབས་པ་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི་མི་ཐེངས་ཁྲི100ལས113%ལེགས་འགྲུབ་བྱས། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.3%དང་དུས་མཉམ་ལས་བརྒྱ་ཆའི་ཆ0.1མར་ཆག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག