མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱིས་རིགས་སོ་སོའི་གཟིགས་སྐྱོང་བཀོད་སྒྲིག་མ་དངུལ་སྒོར་ཁྲི་སྟོང་ལྷག་དངོས་འབེབས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-07 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས་རྒྱབ་སྐྱོར་གཉིས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པ་དེ་རྒྱབ་སྐྱོར་གཉིས་ཀྱི་བྱ་བར་སྐུལ་འདེད་བྱེད་པའི་མགོ་རྩོམ་ས་དང་གཞི་ཚུགས་སར་བཟུང་སྟེ། ཧུར་བརྩོན་གྱིས་བྱ་བ་དང་བྱེད་ཐབས་ལ་ཤུགས་བསྣན་ནས་རིམ་པ་གོང་མའི་སྡེ་ཁག་ནས་མ་དངུལ་བརྩོན་ལེན་བྱས་ཤིང་། མིག་སྔའི་བར་དུ་བསྡོམས་པས་རིགས་སོ་སོའི་མ་དངུལ་སྒོར་ཁྲི1022.65དངོས་འབེབས་བྱས་ལ། ན་ནིང་གི་དུས་མཉམ་ལས་སྒོར་ཁྲི336.32ཇེ་མང་ལ་སོང་བ་དང49%འཕར་ཡོད། དེའི་ནང་དམག་ཁོངས་ནས་ལས་འཁྱུར་ངལ་གསོ་བྱས་པའི་འགྲོ་གྲོན་སགོར་ཁྲི207.65དང་དོ་དམ་འགྲོ་གྲོན་སྒོར་ཁྲི16.96། དམག་ཁོངས་ནས་ལས་འཁྱུར་ངལ་གསོ་མི་སྣའི་ཞབས་ཞུ་དོ་དམ་ལས་ཁུངས་ཀྱི་སྡོད་ཁང་འཛུགས་སྐྲུན་འགྲོ་གྲོན་སྒོར་ཁྲི50། དམག་ཁོངས་ནས་བུད་པའི་དམག་མིས་རང་བདག་ལས་སྐྲུན་བཀོད་སྒྲིག་གི་ཁ་གསབ་མ་དངུལ་སྒོར་ཁྲི43.56། དམག་ཁོངས་ནས་བུད་པའི་དམག་མིའི་ལས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲི7.88། དམག་ཁོངས་ནས་བུད་པའི་དམག་མི་གསོ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི2། གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་གྱི་ལྟ་སྐྱོང་མ་དངུལ་སྒོར་ཁྲི487.1། དམག་ཁོངས་ལ་ཞུགས་པའི་དམག་མིའི་ཁྱིམ་ཚང་གི་གཟིགས་སྐྱོང་མ་དངུལ་སྒོར་ཁྲི59.5། གཟིགས་སྐྱོང་བྱེད་ཡུལ་གྱི་སྨན་བཅོས་ཁ་གསབ་མ་དངུལ་སྒོར་ཁྲི135བཅས་དངོས་འབེབས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག