མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དགུན་དུས་ཀྱི་འགྲིམ་འགྲུལ་ཆག་སྒོ་མི་འབྱུང་བར་བྱེད་དགོས་པའི་ཐད་ཀྱི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-06 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཅུང་མང་བའི་དོན་དངོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་ཉེ་ལམ་ཆེད་དོན་གྲོས་ཚོགས་བསྡུས་ནས་དགུན་དུས་ཀྱི་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ས་གནས་སོ་སོས་དོན་རྐྱེན་འབྱུང་སའི་ལམ་གཙོ་བོ་ནས་སྐོར་སྐྱོད་བྱ་བ་ཇེ་ཆེར་གཏོང་དགོས་པ་དང་། དགུང་མོ་དང་ཞོགས་པར་ཉེན་རྟོག་བྱ་བ་བསྒྲུབ་མཁན་གྱིས་ལས་གནས་ནས་ལས་རེས་བྱེད་པའི་བྱ་བར་ཤུགས་བསྣན་ནས། འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་བ་སྣ་ཚོགས་ལ་རྩད་ནན་མོ་གཅོད་དགོས་པའི་རེ་བ་བཏོན།

སྤྱི་ཟླ10བའི་ཚུན་ལ་མཚོ་སྔོན་གྱི་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད་ཅུང་ཇེ་མང་དུ་འགྲོ་བཞིན་པ་དང་། ནང་སྒོས་སུ་མཚོ་ལྷོ་དང་། མགོ་ལོག མཚོ་ཤར་དང་ཟི་ལིང་སོགས་ས་ཆ་ནས་འཕྲོ་རིམ་འཕྲོར་འགྲིམ་འགྲུལ་ཆག་སྒོ་བྱུང་བས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་མགོ་ཁྲིད་ཀྱི་དོ་སྣང་དང་མཐོང་ཆེན་ཚད་མཐོན་པོ་ཐོབ། རིམ་པ་སོ་སོའི་མགོ་ཁྲིད་པས་འཕྲོ་རིམ་འཕྲོར་མཆན་བཀོད་མཛུབ་སྟོན་གནང་སྟེ། བདེ་འཇགས་ལྟ་སྐུལ་དང་། སྤྱི་བདེ། འགྲིམ་འགྲུལ་སོགས་སྡེ་ཁག་གིས་དེང་སྐབས་འཕྲོ་རིམ་འཕྲོར་འབྱུང་བཞིན་པའི་འགྲིམ་འགྲུལ་དོན་རྐྱེན་ལ་ཆེད་དོན་ཞིབ་འཇུག་བྱས་ནས། དམིགས་ཡུལ་རང་བཞིན་གྱི་བྱེད་ཐབས་ནན་མོ་སྤྱད་དེ་མུ་མཐུད་དུ་དགུན་དུས་ཀྱི་འགྲིམ་འགྲུལ་ཆག་སྒོ་མི་འབྱུང་བར་བྱེད་དགོས་པ་དང་། གོང་རིམ་གྱིས་གཏན་ལ་ཕབ་པའི་དགོངས་དོན་ལྟར་ཞིང་ཆེན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་དུས་ཐོག་ཏུ་དོན་རྐྱེན་བྱུང་བའི་གནས་ཚུལ་ཁྱབ་སྒྲོག་བྱེད་དགོས་པ་དང་། ཆེད་དོན་གྲོས་ཚོགས་བསྡུས་ནས་དགུན་དུས་ཀྱི་འགྲིམ་འགྲུལ་ཆག་སྒོ་སྔོན་འགོག་བྱེད་པའི་བྱ་བ་བཀོད་སྒྲིག་བཟང་བོ་བྱེད་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག