མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞུན་ཧྭ་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ཀ་རིང་ཞང་ལ་བསྐྱར་འཛུགས་བྱེད་རོགས་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-06 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ8པར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་ལ་ཆུ་ལོག་གི་གནོད་འཚེ་ཐེབས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་བར་རོགས་རམ་བྱས་ནས། གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཞོང་ཧྭ་རྫོང་གི་རིགས་སོ་སོའི་མི་དམངས་བར་འཆམ་མཐུན་དུ་གནས་ཤིང་། སྐྱིད་སྡུག་མཉམ་ཁུར་དང་། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཆགས།

ད་ལོར་ཞུན་ཧྭ་རྫོང་ཀ་རིང་ཞང་ལ་ཆུ་ལོག་རྒྱུགས་ནས་རྨང་གཞི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཏེ། དཔལ་འབྱོར་གྱི་གྱོང་གུད་སྒོར་མོ་ས་ཡ་གསུམ་དང་འབུམ་དགུ་ཁྲི་ལྔར་བསླེབས། གནོད་འཚེ་ཐེབས་རྗེས། ཞང་དང་གྲོང་རྡལ། སྡེ་ཁག་སོ་སོས་མྱུར་དུ་རོགས་སྐྱོར་བྱ་འགུལ་སྤེལ་ནས། གནོད་འཚེ་ཐེབས་སའི་མང་ཚོགས་ལ་བསྐྱར་འཛུགས་བྱ་བ་སྒྲུབ་རོགས་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐབས་ལམ་མང་པོ་སྤྱད་དེ་མ་དངུལ་སྒོར་མོ་འབུམ་གཅིག་ལྷག་གྲ་སྒྲིག་བྱས་ནས་གནོད་འཚེ་ས་ཁུལ་གྱི་མང་ཚོགས་ལ་བསྐྱར་འཛུགས་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་རོགས་བྱས། ད་ལྟ་སྐྱ་མང་སྡེ་བའི་ཟམ་པ་སོགས་ལས་པའི་བྱ་བ་ཡོངས་འགྲུབ་བྱས། བགྲོད་ལམ་དང་ཆུ་འདོན་པའི་གནད་དོན་ཚང་མ་ཐག་བཅད་པའི་ཞོར་དུ་དམངས་སྲིད་དང་དཔལ་ཡོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་སྤེལ་བ་མ་ཟད་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མ་དངུལ་དང་དངོས་རྫས་སོགས་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་བཏང་། ཟླ་བཅུ་བའི་ཟླ་མཇུག་བར་དུ་ཆུ་ལོག་གིས་གནུབས་པའི་ཀ་རིང་ཞང་གི་ས་ཞིང་མུའུ་སུམ་བརྒྱ་དང་ཉི་ཤུ་ཚང་མ་དག་ཐེར་བཅོས་སྐྱོང་བྱས་ཟིན་པ་དང་། ཀ་རིང་ཞང་གི་ཡར་རྐ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་ཡང་བསྐྱར་ལས་པ་དང་། གསར་དུ་ལས་པའི་ཆུ་རྐ་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ལས་མགོ་བརྩམས་ཤིང་། ཆུས་ཁུར་བའི་ཆུ་གསོག་རྫིང་བུ་དང་། ནགས་ར། ཟམ་པ་སོགས་བསྐྱར་ལས་བྱེད་པའི་བྱ་བ་ཡང་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་བཞིན་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག གནོད་འཚེ་ས་ཁུལ་གྱི་མང་ཚོགས་ཀྱིས་འཚོ་བ་དང་ཐོན་སྐྱེད་རིམ་བཞིན་རྒྱུན་ལྡན་ངང་རོལ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག